ཟུང་ཆུ་རྫོང་གིས་ཁུལ་རིམ་པའི་དཔལ་ཡོན་རྫོང་མཁར་བསྐྲུན་པའི་འབོད་སྐུལ་བཏང་བ།
རྔ་བ་གསར་འགྱུར་དྲ་བ། 2013-04-03
སྤྱི་ཟླ3པའི་ཚེས29ཉིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཟུང་ཆུ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་རྫོང་ཡོངས་ནས་ཁུལ་རིམ་པའི་དཔལ་ཡོན་རྫོང་མཁར་བསྐྲུན་པའི་འབོད་སྐུལ་བཏང་ཞིང་། ད་ལོར་ཁུལ་རིམ་པའི་དཔལ་ཡོན་རྫོང་མཁར་བསྐྲུན་པའི་དམིགས་འབེན་མངོན་དུ་འགྱུར་རྒྱུ་གཏན་ཁེལ་བྱས།
ཉེ་བའི་ལོ་ཤས་རིང་། ཟུང་ཆུ་རྫོང་གིས་སྔ་གཞུག་ཏུ་རྒྱལ་ཁའི་ངང་རྒྱལ་ཁབ་རིམ་པའི་དཔལ་ཡོན་ཅན་གྱི་ཤང་དང་གྲོང་རྡལ1དང་ཞིང་ཆེན་རིམ་པ་ཅན7དང་དེ་མིན་ཁུལ་རིམ་པ་ཅན31དང་རྫོང་རིམ་པ་ཅན72བཅས་རིགས་མི་འདྲ་བའི་དཔལ་ཡོན་སྡེ་ཁག(སྡེ་བ)གི་གཟི་བརྗིད་མཚན་སྙན་གང་མང་བསྐྲུན། ཟུང་ཆུ་རྫོང་གིས་ད་རུང་རྨང་གཞི་དེའི་སྟེང2013ལོར་ཁུལ་རིམ་པའི་དཔལ་ཡོན་རྫོང་མཁར་བསྐྲུན་པའི་དམིགས་འབེན་བཏོན་པ་རེད།