རྔ་བ་ཁུལ་གྱི་དམིགས་བསལ་སློབ་གསོ་སློབ་གྲྭའི་སློབ་ར་གསར་བ་ལས་ནས་སྒྲུབ་ཤིང་སློབ་འགོ་ཚུགས་པ།
རྔ་བ་གསར་འགྱུར་དྲ་བ། 2013-04-03
ཉེ་ཆར་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་དམིགས་བསལ་སློབ་གསོ་སློབ་གྲྭས་སློབ་ར་གསར་བ་འཛུགས་པ་དང་སློབ་འགོ་ཚུགས་པའི་མཛད་སྒོ་བསྡུས། སློབ་གྲྭ་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་བྱིས་པ80ལྷག་གིས་བྱེད་ནུས་སྔར་བས་ཆ་ཚང་བའི་སློབ་ར་གསར་བ་འདི་ནས་སློབ་སྦྱོང་གི་འཚོ་བ་གསར་བར་རོལ་འགོ་ཚུགས་པ་དང་། གནས་འདི་ནས་དགེ་རྒན་ཚོས་ཀྱང་སྔར་བས་ལྷག་བསམ་རྣམ་དག་གིས་དཀའ་ངལ་ལ་མི་འཛེམ་པར་བྱིས་པ་རྣམས་ལ་རེ་འདུན་གསར་བ་ཞིག་བསྐྲུན་པར་འབད་བརྩོན་བྱ་ངེས་རེད། །