ཚེ་ལོ་རྒྱལ་གྱི་གྲངས་རིག་དཔེ་དེབ་གཉིས་ལ་དགའ་བསུ་ཐོབ་པ།

    མཚོ་སྔོན་པོ་དྲ་བ།    2013-03-25

ཚེ་ལོ་རྒྱལ་གྱི་གྲངས་རིག་དཔེ་དེབ་གཉིས་ལ་དགའ་བསུ་ཐོབ་པ།
དམའ་འབྲིང་གྲངས་རིག་གི་ཟུར་ལྟའི་རྒྱུགས་གཞི་ཕྱོགས་བསྡུས།

ཚེ་ལོ་རྒྱལ་གྱི་གྲངས་རིག་དཔེ་དེབ་གཉིས་ལ་དགའ་བསུ་ཐོབ་པ།
དམའ་འབྲིང་གྲངས་རིག་གི་སྡེ་ཚན་རྒྱུགས་གཞི་ཕྱོགས་བསྡུས།

        རེབ་གོང་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་གྲངས་རིག་དགེ་རྒན་ཚེ་ལོ་རྒྱལ་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་དཔེ་དེབ<<དམའ་འབྲིང་གྲངས་རིག་གི་ཟུར་ལྟའི་རྒྱུགས་གཞི་ཕྱོགས་བསྡུས>>ཞེས་པ་དང་། <<དམའ་འབྲིང་གྲངས་རིག་གི་སྡེ་ཚན་རྒྱུགས་གཞི་ཕྱོགས་བསྡུས>>ཞེས་པ་གཉིས་ན་ནིང་གི་ལོ་སྟོད་ལ་སྔ་ཕྱིར་པར་སྐྲུན་བྱས་པ་ནས་དམའ་འབྲིང་དུས་རིམ་གྱི་བོད་རིགས་དགེ་སློབ་ཀུན་གྱི་བསྔགས་པ་རྒྱ་ཆེར་ཐོབ་ཅིང་། ད་སྔའི་བར་དུ་དཔེ་དེབ13000ལྷག་དཔར་བ་ཡོངས་སུ་བཙོངས་ཟིན་པ་མ་ཟད། ཡིག་ངག་དང་ཁ་པར་སོགས་ཀྱི་ལམ་ནས་ད་དུང་བསྐྱར་དཔར་བྱ་དགོས་པའི་རེ་འདུན་ནན་གྱིས་འདོན་མཁན་ལ་མཚོ་སྔོན་དང་སི་ཁྲོན་སོགས་ཀྱི་བོད་རིགས་སློབ་གྲྭའི་དགེ་སློབ་མང་པོ་འབྱུང་གིན་ཡོད་ན། རིག་ལམ་གསལ་ཞིང་སློབ་མའི་བློ་ཁ་དང་འཚམ་པ། འབྲིང་རྒྱུགས་ཀྱི་ཐད་ལ་ནུས་པ་བླ་ལྷག་གིས་ཆེ་བར་བཤད་པའི་དཔེ་དེབ་འདི་གཉིས་ལག་ལ་མ་རེག་མཁན་དང་མཁོ་གལ་ཆེ་བ་ཡོད་ཚེ་གཤམ་གསལ་ལག་འཕྲིན་ནས་འབྲེལ་བ་བྱས་ཆོག་པ་རེད།

  • ལེ་ཚན་སྔོན་མ།:ལྷ་ས་གྲོང་ཁྱེར་གྱིས་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་ཐང་བོད་མཉམ་འབྲེལ་རྡོ་རིང་ཞིག་གསོ་བྱེད་བཞི
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གྱིས་ཐན་ཙན་ནི་ཡའི་ཙུང་ཐུང་ཅི་ཁོས་ཐི་དང་གྲོས་མོལ་མཛད་པ།
  • དོ་སྣང་ཆེ་བའི་རྩོམ།