ཀྲུང་གོའི་བོད་ལྗོངས་དྲ་བ། 2013-03-20
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་ཞུ་སྐབས་བཤད་རྒྱུར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཡིན་པའི་ཆ་ནས་ང་ཚོས་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཁྲི300ལྷག་གི་རེ་འདུན་ཁུར་ནས། ནན་ཏན་སྒོས་རང་གི་ལས་འགན་བསྒྲུབས་ནས་གྲོས་ཞིབ་དང་འདེམས་བསྐོ་སོགས་ཚོགས་ཆེན་གྱི་འགན་ཁུར་རིགས་སོ་སོ་ལེགས་པར་འགྲུབ་ལ། གྲོས་ཚོགས་ཀྱི་སྐབས་སུ་བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཚོགས་ཆེན་ལ་གྲོས་གཞིའི་ཡི་གེ45ཕུལ་ཞིང་། དེའི་ནང་དོན་གྱི་ཐད་ནས་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས། སྐྱེ་ཁམས་སྲུང་སྐྱོབ། གཞི་རིམ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་འདུ་ལ། གྲོས་གཞིའི་སྤུས་ཚད་བཟང་བས་ཚོགས་ཆེན་དང་འབྲེལ་ཡོད་ཕྱོགས་ཁག་གི་གདེང་འཇོག་མཐོན་པོ་ཐོབ་པ་རེད།
མགོན་པོ་བཀྲ་ཤིས་ཀྱིས་ད་དུང་བསྟན་དོན། བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེགས་བུ་བཟང་བོ་འདི་ལ་བརྟེན་ནས། ཁྱོན་ཡོངས་ནས་བོད་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཀྲུང་དབྱང་གི་བོད་ལྗོངས་ཀྱི་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་གྱི་མཛུབ་སྟོན་འོག་ཏུ། བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་སྡེ་ཁག་སོ་སོ་དང་རྒྱ་ཆེའི་ལས་བྱེད་མང་ཚོགས་རྣམས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འཕེལ་རྒྱས་བརྟན་འཇགས་ཡོང་བའི་ཐད་གྲུབ་འབྲས་གཟི་བརྗིད་ལྡན་པ་ལོན་པ་མཚམས་སྦྱོར་གནང་ལ། བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་ཀྱིས་ཏང་ཀྲུང་དབྱང་གི་བརྩེ་བའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་རྣམས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལ་བཀའ་དྲིན་ཞུ་བའི་སེམས་འདུན་བརྗོད་པར་བྱས་པ་རེད།
ཨུ་ཡོན་ཚེ་སྒྲོན་དང་བློ་བཟང་བསམ་གཏན། སྐལ་བཟང་སྒྲོལ་དཀར། འགྱུར་མེད་རྣམ་རྒྱལ་བཅས་ཀྱིས་བཤད་རྒྱུར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་འདུར་ཞུགས་ཏེ་རྒྱལ་ཡོངས་ཀྱི་མི་རིགས་སོ་སོ་དང་སྡེ་ཁག་སོ་སོ་ནས་ཕེབས་པའི་ཨུ་ཡོན་རྣམས་དང་མཉམ་དུ་རྒྱལ་ཁབ་ཀྱི་བྱ་བ་གལ་ཆེན་ལ་གྲོས་བསྡུར་བྱེད་པ་དང་། ཐབས་ཇུས་གྲོས་བསྡུར་བྱེད་པ། མཉམ་དུ་འཕེལ་རྒྱས་བརྩོན་ལེན་བྱེད་པ་ནི་ཧ་ཅང་གཟི་བརྗིད་ལྡན་ཞིང་རླབས་ཆེ་བའི་འགན་འཁྲི་ཞིག་རེད། ཚོགས་འདུའི་སྐབས་སུ་ང་ཚོས་ནན་ཏན་སྒོས་སྲིད་གྲོས་ཨུ་ཡོན་ལྷན་ཚོགས་ཀྱི་བྱ་བའི་སྙན་ཞུ་དང་གྲོས་གཞི་འདོན་པའི་བྱ་བའི་གནས་ཚུལ་གྱི་སྙན་ཞུ། སྲིད་གཞུང་གི་བྱ་བའི་སྙན་ཞུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་དང་འགན་ནུས་བརྗེ་སྒྱུར་ཇུས་གཞི་བཅས་ལ་ཉན་པ་མ་ཟད། དེ་དང་དུས་མཚུངས་སུ་སྙན་ཞུ་རིགས་སོ་སོ་དང་འབྲེལ་ཏེ་ཚན་ཆུང་དབྱེ་ནས་གྲོས་ཞིབ་མཛད་ལ། དེ་མིན་ད་དུང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་དབུ་ཁྲིད་བདམས་ཐོན་བྱུང་ཞིང་། རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་བྱ་བའི་སྙན་ཞུའི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་གཞིའི་ཡི་གེར་ཞིབ་བཤེར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་ཐག་བཅད་ཅིང་ཚོགས་ཆེན་བདེ་བླག་ངང་འཚོགས་ཐུབ་པ་བྱུང་བ་རེད།
ཨུ་ཡོན་སྐལ་བཟང་ནོར་བུ་དང་བསོད་ནམས་རྡོ་རྗེ། བཀྲ་ཤིས་རྒྱལ་མཚན། མཁས་གྲུབ་བཅས་ཀྱིས་བསྟན་དོན། འོས་འགན་གྱི་སེམས་འདུན་དང་འགན་འཁྲིའི་འདུ་ཤེས་དྲག་པོ་ལྡན་ཞིང་རྣམ་རིག་གསལ་བོའི་སྒོ་ནས། ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བཟང་བོ་བྱེད་པ་དང་། གོམ་གང་མདུན་སྤོས་སྒོས་ལས་དོན་སྒྲུབ་པའི་ཆུ་ཚད་དང་ལས་དོན་གྱི་འདུ་ཤེས་མཐོར་འདེགས་བཏང་སྟེ། རང་རང་སོ་སོའི་ལས་གནས་ཀྱི་སྟེང་ནས་བོད་ལྗོངས་ཀྱི་མཆོང་སྐྱོད་རང་བཞིན་གྱི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཀྱི་བྱ་བར་སྐུལ་འདེད་གཏོང་བར་སྔར་ལས་ལྷག་པའི་བྱས་རྗེས་འཇོག་རྒྱུ་ཡིན་པ་རེད།
བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་མཆོག་དང་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་པོ་བསོད་ནམས་འཕེལ་རྒྱས་སོགས་གནམ་གྲུ་འབབ་ཐང་དུ་བསུ་མ་བྱེད་དུ་ཕེབས་པ་མ་ཟད། ཨུ་ཡོན་རྣམས་ལ་ཁ་བཏགས་ཕུལ་ནས་འཚམས་འདྲི་གནང་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10