རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2013-03-19

སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་གནང་བ་ལྟར་ཨུ་ཡོན་ཀྲང་ཝུའུ་པང་གོས་གནང་བའི་ལས་དོན་སྙན་ཞུ་གསན་པ་དང་དེར་གྲོས་ཞིབ་གནང་ཡོད་པ་རེད། གྲོས་ཚོགས་ཐོག་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འདས་ཟིན་པའི་ལོ་ལྔའི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་དང་། རང་རྒྱལ་གྱི་མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་འཛུགས་སྐྱོང་ཐད་གལ་ཆེའི་གྲུབ་འབྲས་ཐོབ་པར་ཁས་ལེན་གང་ལེགས་གནང་བ་དང་། སྙན་ཞུའི་ནང་བཏོན་པའི་ཕྱིན་ཆད་ལོ་གཅིག་རིང་གི་ལས་དོན་གྱི་སྤྱིའི་བཀོད་སྒྲིག་ལ་མོས་མཐུན་གནང་ནས་སྙན་ཞུ་དེར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།

གྲོས་ཚོགས་ཐོག་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམ་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་བ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱིས་མཛུབ་ཁྲིད་བྱེད་པ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་རྣམས་རང་ཁྱིམ་རང་བདག་ཡོང་བ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ཡོང་བ་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་གནས་བབ་ཧྲིལ་པོར་དམ་པོར་གཞིགས་པ། ཁྲིམས་ལྟར་ཁྲིམས་འཛུགས་དང་། ལྟ་སྐུལ། གཏན་འབེབས། གོ་གནས་བསྐོ་འཐེན་སོགས་འགན་དབང་ལག་བསྟར་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་ཡོང་བ་དང་། ལ་རྒྱ། དབང་གྲགས་ལྡན་པ་བཅས་ལ་སྲུང་སྐྱོང་བྱེད་པ། ཀྲུང་དབྱང་གི་གལ་ཆེའི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཆེས་མཐོའི་རྒྱལ་ཁབ་དབང་ཆའི་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུར་གང་མགྱོགས་སྐུལ་འདེད་གཏོང་བ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཟིན་པ་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།  །

  • ལེ་ཚན་སྔོན་མ།:སི་ཁྲོན་གྱི་འཐུས་མིས་སི་ཁྲོན་བོད་ཁུལ་གྱི་སློབ་སྔོན་སློབ་གསོ་དང་མཐོ་འབྲིང་སློབ་གསོ་ལ་རིན་སྟེར་མི་དགོས
  • ལེ་ཚན་རྗེས་མ།:མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་གང་འདྲ་བྱས་ནས་ཞིང་གསུམ་གྱི་གོང་འཕེལ་གནད་དོན་ཐག་གཅོད་བྱེད་རྒྱུའི་སྐོར་
  • དོ་སྣང་ཆེ་བའི་རྩོམ།