ཞིང་ལས་པུའུ་ཡིས་ཕྱོགས་ཡོངས་ནས་ཕྱོགས་བསྡུས་ནད་འགོག་ལས་དོན་སྤེལ་རྒྱུ་ཡིན་པ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2013-03-12

རྒྱལ་ཁབ་དབུ་བཞུགས་ཕྱུགས་ནད་སྨན་པ་ཁང་ཀྲེན་གྱིས་བསྟན་པར། རང་རྒྱལ་གྱི་རིམ་ཁག་ཕྱུགས་སྨན་སྡེ་ཚན་གྱིས་སྤྱི་ཟླ3པའི་ཚེས8ཉིན་ཕྱོགས་ཡོངས་ནས་ཕྱོགས་བསྡུས་ནད་འགོག་ལས་དོན་སྤེལ་རྒྱུ་ཡིན་པ་དང་། ས་ཁུལ་ཁག་གིས་གསོ་ཚགས་དང་བཤའ་བ། གཉེར་སྐྱོང་སོགས་གོ་རིམ་ཁྲོད་ཀྱི་སྲོག་ཆགས་འཕྲོད་བསྟེན་ལྟ་སྐུལ་དོ་དམ་ལས་ཀར་ཤུགས་སྣོན་དང་། ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་དུས་མཚུངས་སུ་ས་ཁུལ་ཁག་གིས་གཙོ་གནད་ཐོག་ཁ་ཚ་རྨིག་ཚའི་ནད་དང་། འདབ་ཆགས་ཆམ་རིམས་སོགས་ནད་རིགས་ཀྱི་ལྟ་ཞིབ་ཚད་ལེན་དང་ནད་ཡམས་རིག་པར་བརྟག་དཔྱད་ཞིབ་འཇུག་ཡག་པོ་བྱེད་དགོས་པ་མ་ཟད། གོམ་གང་མདུན་སྤོས་ངང་སྐབས་བསྟུན་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ལ། གློ་བུར་བའི་དོན་རྐྱེན་བྱུང་མ་ཐག མགྱོགས་མྱུར་ཡར་ཞུ་བྱས་ནས་དུས་ཐོག་ཐག་གཅོད་བྱེད་དགོས་པ་རེད།  །
  • ལེ་ཚན་སྔོན་མ།:ཡུས་ཀྲིན་ཧྲིན་ཀན་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།
  • ལེ་ཚན་རྗེས་མ།:བོད་རིགས་རྩོམ་པ་པོ32ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་སློབ་ཚོགས་སུ་ཞུགས།
  • དོ་སྣང་ཆེ་བའི་རྩོམ།