མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-03-12
སྤྱི་ཟླ3པའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཀྱི་མགོ་འཛིན་པ་ཡུས་ཀྲིན་ཧྲིན་ཀན་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ3པའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཀྱི་མགོ་འཛིན་པ་ཡུས་ཀྲིན་ཧྲིན་ཀན་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཚོགས་ཐོག་ནས་འཐུས་མི་རྣམས་ཀྱིས་ཞིང་ཆེན་རང་གི་གནས་ཚུལ་དང་འབྲེལ་ཏེ་གཏམ་བཤད། ཡུས་ཀྲིན་ཧྲིན་གྱིས་ཚང་མའི་གཏམ་བཤད་ལ་ཉན་རྗེས། ཀན་སུའུ་ཞིང་ཆེན་གྱིས་ཉེ་བའི་ལོ་འགའི་རིང་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་གསུངས་རྒྱུར། ཀན་སུའུ་ཞིང་ཆེན་གྱིས་ས་ཆ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་བྱས་ཏེ། རྨང་གཞིའི་སྒྲིག་ཆས་ལེགས་བཅོས་དང་མི་ཤུགས་ཐོན་ཁུངས་ཀྱི་ནུས་པ་སྔར་ལས་ཇེ་ཆེར་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་ཀན་སུའུ་གསར་བ་མྱུར་དུ་འཛུགས་སྐྲུན་བྱས་ནས། ཧུར་ཐག་སྒོས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་དགོས་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10