ཀན་སུའུ་དཔའ་རིས་བརྙན་འཕྲིན་ཁང་གི《དཔའ་རིས་གཉེན་སྲོལ་ལས་སུམ་མདོའི་ཁག》ཕབ་སྐྲུན་བྱས་ཚར་པ།

    མཚོ་སྔོན་པོ་དྲ་བ།    2013-03-07

ཀན་སུའུ་དཔའ་རིས་བརྙན་འཕྲིན་ཁང་གི《དཔའ་རིས་གཉེན་སྲོལ་ལས་སུམ་མདོའི་ཁག》ཕབ་སྐྲུན་བྱས་ཚར་པ།
བག་མའི་རྫོངས།

 ཀན་སུའུ་དཔའ་རིས་བརྙན་འཕྲིན་ཁང་གི《དཔའ་རིས་གཉེན་སྲོལ་ལས་སུམ་མདོའི་ཁག》ཕབ་སྐྲུན་བྱས་ཚར་པ།

བག་མ་དང་བག་རོགས།
    དཔའ་རིས་ས་ཁུལ་གྱི་གཉེན་སྲོལ་ལ་ནང་དོན་ཕུན་སུམ་ཚོགས་པོ་ལྡན་ཞིང་། གཉེན་སློང་བ་དང་། གྲོས་ཤ་གྲོས་ཆང་འཐུང་བ།   སྐྲ་ཤད་པ། བག་མ་སྐྱེལ་བ། རྟ་ཁ་བསུ་བ། གཉེན་སྟོན་བྱེད་པ་སོགས་རིམ་པ་ལྟར་སྲོལ་རྒྱུན་གྱི་ལུགས་སྲོལ་ཆ་ཚང་ཞིག་ཆགས་འདུག ཡིན་ཡང་། དེང་རབས་དཔལ་ཡོན་གྱི་ཤུགས་རྐྱེན་འོག་ཕ་མེས་ཡང་མེས་ནས་བརྒྱུད་འོང་བའི་དམངས་སྲོལ་རིག་གནས་འདི་ཡང་ཉམས་དམས་སུ་འགྲོ་བཞིན་མཆིས། དེ་བས་ལོ་རྒྱུས་ཀྱི་བྱུང་བ་རིང་མོ་ལྡན་པའི་དམངས་སྲོལ་རིག་གནས་འདི་མྱུར་སྐྱོབ་བྱེད་པ་དང་། དཔའ་རིས་ཡུལ་གྱི་མི་རིགས་རིག་གནས་ཁྱབ་སྒྲོག་དར་སྤེལ་བྱེད་པར་དམིགས་ནས། དཔའ་རིས་བརྙན་འཕྲིན་ཁང་གིས་དམངས་སྲོལ་དངོས་བྲིས་གློག་བརྙན《དཔའ་རིས་དམངས་སྲོལ་ཁག་གསུམ》ཞེས་པའི་ཁྲོད་ཀྱི་དཔའ་རིས་གཉེན་སྲོལ་དེ་ཕབ་སྐྲུན་བྱས་པ་སྟེ། རྒྱ་ལོའི་ཚེས་བདུན་ནས་ཚེས་བཅུ་གཉིས་བར་དུ་མཚོ་སྔོན་གྱི་གྲོ་ཚང་དང་དགོན་ལུང་སོགས་སུ་སོང་ནས་ཕབ་སྐྲུན་བྱས་ཤིང་། མིག་སྔར་དུས་རྗེས་ཀྱི་སྒྲིག་བཟོ་བྱེད་བཞིན་པའི་སྒང་ཡིན།
  དངོས་བྲིས་གློག་བརྙན་ཕབ་སྐྲུན་བྱེད་པ་འདིས་དཔའ་རིས་གཉེན་སྲོལ་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་སྒྲ་གཟུགས་གཉིས་ལྡན་གྱི་རྒྱུ་ཆ་གལ་ཆེན་ཞིག་འདོན་སྤྲོད་བྱས་ལ། བརྙན་ཕབ་རྒྱ་ཆེ་ཞིང་ཆོ་ག་ཆ་ཚང་བོར་འདུས་པས་དཔའ་རིས་གཉེན་སྲོལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་མཚོན་ཐུབ་པ་རེད།  །

ཀན་སུའུ་དཔའ་རིས་བརྙན་འཕྲིན་ཁང་གི《དཔའ་རིས་གཉེན་སྲོལ་ལས་སུམ་མདོའི་ཁག》ཕབ་སྐྲུན་བྱས་ཚར་པ།
གཉེན་སྟོན་གྱི་ཡུལ་དངོས།


ཀན་སུའུ་དཔའ་རིས་བརྙན་འཕྲིན་ཁང་གི《དཔའ་རིས་གཉེན་སྲོལ་ལས་སུམ་མདོའི་ཁག》ཕབ་སྐྲུན་བྱས་ཚར་པ།

གཉེན་སྟོན་སྟེང་གླུ་ལེན་གར་རྩེད་བྱེད་བཞིན་པ།

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་ཚོགས་འདུ་ཚོགས་པ།
  • ལེ་ཚན་རྗེས་མ།:ལིས་ཁི་ཆཱང་ཧྲན་ཏུང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།
  • དོ་སྣང་ཆེ་བའི་རྩོམ།