ཞི་ཅིན་ཕེན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཧྲང་ཧེ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-03-07

ཞི་ཅིན་ཕེན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཧྲང་ཧེ་འཐུས
 སྤྱི་ཟླ3པའི་ཚེས5ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཧྲང་ཧེ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་སྤྱི་ཟླ3པའི་ཚེས5ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཧྲང་ཧེ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

  ཚོགས་ཐོག་ནས་ཡང་ཞོན་དང་དབྱིན་ཡུང་། ཞུའུ་ཞོ་ཕེན་སོགས་འཐུས་མི་བརྒྱད་ཀྱིས་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཕུའུ་ཏུང་ཕྱོགས་བསྡུས་ཆ་ཚང་བཅོས་སྒྱུར་ཚོད་ལྟ་ས་ཁུལ་མྱུར་དུ་འཛུགས་སྐྲུན་བྱེད་པ། ལག་རྩལ་མཐོ་བའི་ཤེས་ལྡན་མི་སྣའི་རྟེན་གཞི་འཛུགས་སྐྲུན་བྱེད་པ། གྲོང་ཁྱེར་གྱི་རིག་གནས་འགྲན་རྩོད་ནུས་པ་ཇེ་ཆེར་གཏོང་བ་སོགས་ཀྱི་གནད་དོན་ཐད་ནས་གཏམ་བཤད། ཞི་ཅིན་ཕེན་གྱིས་ཚང་མའི་གཏམ་བཤད་ལ་ཉན་རྗེས་གསུངས་བཤད་གལ་ཆེན་གནང་། ཁོང་གིས་ཐོག་མར་སྲིད་གཞུང་བྱ་བའི་སྙན་ཞུ་ལ་ཧ་ཅང་འཐད་པའི་ཚུལ་བསྟན་པར་མ་ཟད། ལོ་ལྔའི་རིང་ལ་རྒྱལ་ཡོངས་དང་ཧྲང་ཧེ་གྲོང་ཁྱེར་གྱིས་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་པར་ཁས་ལེན་གང་ལེགས་མཛད། ཁོང་གིས་གསུངས་རྒྱུར། ཀྲུང་དབྱང་གི་དམངས་ཕན་སྲིད་ཇུས་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་སྐབས། དཀའ་ཁག་ཆེ་བའི་མང་ཚོགས་ལ་སྔར་ལས་ཡིད་འཇོག་བྱས་ནས། རྒྱ་ཆེའི་མང་ཚོགས་ལ་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་གནང་བ་དང་དྲོད་ཁོལ་བསྐྱལ་བ་མཚོན་པར་བྱེད་དགོས། རིམ་པ་སོ་སོའི་ལས་བྱེད་པས་བྱ་བའི་སྤྱོད་ཚུལ་མྱུར་དུ་བསྒྱུར་ཞིང་མང་ཚོགས་ཀྱི་ལྟ་བ་ལག་ལེན་བཟང་བོ་བྱེད་པ་དང་། དཀའ་སྤྱད་བརྩོན་ལེན་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། བྱ་བའི་སྤྱོད་ཚུལ་བསྒྱུར་བ་དང་མང་ཚོགས་ཀྱིས་བཏོན་པའི་གནད་དོན་གཙོ་བོ་ཐག་གཅོད་པ་གཉིས་ཟུང་འབྲེལ་བྱེད་པ་དང་། མང་ཚོགས་ལ་ཕན་པའི་བྱ་བ་སྣ་ཚོགས་ལེགས་སྒྲུབ་བྱས་ནས། མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་ལ་འགན་སྲུང་བྱེད་དགོས་པར་མ་ཟད། སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡོང་བར་འགན་སྲུང་བྱེད་དགོས་ཟེར།  །


 

  • ལེ་ཚན་སྔོན་མ།:སློབ་གསོ་པུས་རྒྱུགས་སྤྲོད་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་ཚོགས་འདུ་ཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།