བོད་ཆཱང་དབྱི་གསུམ་མི་རིགས་ཀྱི་རིག་གནས་ཐོན་ལས་ཀྱིས་ཀན་སུའུ་བོད་ཁུལ་ལ་ཕན་བཏགས་པ།

བློ་གྲོས་རྣམ་རྒྱལ།        2013-03-06

ཟི་ཁྲོན་དང་། ཡུན་ནན། བོད་ལྗོངས། ཀན་སུའུ། མཚོ་སྔོན། ཧྲན་ཞི་བཅས་ཞིང་ལྗོངས་དྲུག་ལ་འབྲེལ་བ་ཡོད་པའི་བོད་ཆཱང་དབྱི་གསུམ་མི་རིགས་ཀྱི་རིག་གནས་ཐོན་ལས་ཁུལ་འཛུགས་སྐྲུན་གྱི་ལས་གཞི་དེ་ད་ལོར་དངོས་སུ་ལག་བསྟར་བྱས་པ་དང་། བོད་ཆཱང་དབྱི་གསུམ་མི་རིགས་ཀྱི་རིག་གནས་ཐོན་ལས་ཁུལ་འཛུགས་སྐྲུན་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་རེད།

ན་ནིང་རིག་གནས་པུའུ་ཡིས་བོད་ཆཱང་དབྱི་གསུམ་མི་རིགས་ཀྱི་རིག་གནས་ཐོན་ལས་ཁུལ་དེ་རིག་གནས་ཐོན་ལས་ལ་འབྲེལ་བ་ཡོད་པའི་མི་རིགས་ས་ཁུལ་ནས་སྐུལ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་ཡོད་པའི་རིག་གནས་ཐོན་ལས་ལས་གཞི་སྐོར་ཞིག་ལག་བསྟར་བྱས་ཏེ། མི་རིགས་རིག་གནས་ཐོན་ཁུངས་ཀྱི་ཁྱད་སྟོབས་དེ་དཔལ་འབྱོར་གྱི་ཁྱད་སྟོབས་སུ་བསྒྱུར་བ་དང་། རིག་གནས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཐབས་ལ་བརྟེན་ནས། ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་། སྤྱི་ཚོགས་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ་ཐད་ལ་རིགས་གནས་ཀྱི་རྨང་གཞི་དང་དངོས་པོའི་ཆ་རྐྱེན་འདོན་སྤྲོད་བྱེད་རྒྱུ་དེ་རེད། །

  • ལེ་ཚན་སྔོན་མ།:རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོས་གྲ་སྒྲིག་ཚོགས་འདུ་བསྡུས་པ།
  • ལེ་ཚན་རྗེས་མ།:མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པ་འཛུགས་པའི་ཚོགས་འདུ་སྐུ་འབུམ་བྱམས་པ་གླིང་དུ་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།