མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-03-06
ཧྥུའུ་དབྱིན་གྱིས་མཚམས་སྦྱོར་བྱེད་རྒྱུར། ཐེངས་འདིའི་གྲོས་ཚོགས་ལ་བསྡོམས་པས་གྲོས་རིམ་བཅུ་དྲུག་ཡོད་དེ། སྲིད་གཞུང་བྱ་བའི་སྙན་ཞུ་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཉན་ནས་གྲོས་ཞིབ་བྱེད་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་སྒྱུར་དང་འགན་ནུས་བསྒྱུར་བའི་ཐབས་ཇུས་འཆར་ཟིན་སོགས་ལ་གྲོས་ཞིབ་བྱེད་རྒྱུ་རེད། སྤྱི་ཟླ3པའི་ཚེས13ཉིན་ནས་བཟུང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་ཨུ་ཡོན་ཀྲང་གཞོན་པ། དྲུང་ཡིག་ཆེན་མོ། ཨུ་ཡོན་བཅས་གདམ་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་གདམ་རྒྱུ་ཡིན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་གདམ་མི་ཐག་གཅོད་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་རྒྱལ་སྲིད་ཨུ་ཡོན། པུའུ་སོ་སོའི་པུའུ་ཀྲུང་། ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རིན། ཀྲུང་གོ་མི་དམངས་དངུལ་ཁང་གི་མགོ་གཙོ། རྩིས་བཤེར་དཔོན་པོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་བཅས་ཀྱི་གདམ་མི་ཐག་གཅོད་རྒྱུ་ཡིན་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གདམ་རྒྱུ་ཡིན་པ་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་། ཨུ་ཡོན་གྱི་གདམ་མི་ཐག་གཅོད་རྒྱུ་ཡིན་ཞིང་། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་གདམ་རྒྱུ་རེད། ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་ཚོགས་ཆེན་གྲོལ་རྗེས། གསར་དུ་བདམས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཡིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་མཇལ་འཕྲད་གནང་རྒྱུ་ཡིན་པ་མ་ཟད་དྲི་བར་ལན་འདེབས་རྒྱུ་ཡིན་ལ། གསར་དུ་བདམས་པའི་ཙུང་ལི་གཞོན་པའང་མཇལ་འཕྲད་ལ་ཞུགས་རྒྱུ་རེད་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10