ཀླུ་འབུམ་བྱམས། ཞིན་ཧྭ་གསར་འགྱུར་དྲ་བ། 2013-02-25
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན་གྲོས་ཚོགས་བསྡུས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དེ་ད་ལོའི་ཟླ་གཉིས་པའི་ཚེས་ཉེར་དྲུག་ནས་ཚེས་ཉེར་བརྒྱད་ཉིན་བར་པེ་ཅིན་ནས་བསྡུ་རྒྱུ་ཐག་བཅད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།
ཚོགས་ཐོག་ནས«རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་སྒྱུུར་དང་འགན་ནུས་བསྒྱུར་བའི་ཇུས་གཞིའི་འཆར་ཟིན་མ་ཡིག»ལ་གྲོས་བསྡུར་བྱས་པར་མ་ཟད། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོར་མཚམས་སྦྱོར་བྱེད་པའི་རྒྱལ་ཁབ་ལས་ཁུངས་ཀྱི་མགོ་ཁྲིད་པའི་གདམ་མིའི་གྲོས་གཞི་དང་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་ལ་མཚམས་སྦྱོར་བྱེད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་ཁྲིད་པའི་གདམ་མིའི་གྲོས་གཞི་ལ་གྲོས་བསྡུར་བྱས།
ཚོགས་ཐོག་ནས་གོང་གི་ཕྱོགས་གཉིས་ཐད་ཀྱི་ནང་དོན་དེ་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞིར་གཏན་ལ་ཕབ།
ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོར་གྲོས་ཞིབ་བྱེད་པར་སྤྲོད་རྩིས་ཡོད་པའི«སྲིད་གཞུང་བྱ་བའི་སྙན་ཞུའི»མ་ཡིག་ལ་གྲོས་བསྡུར་བྱས་པར་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«སྲིད་གཞུང་བྱ་བའི་སྙན་ཞུ»དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོར་གྲོས་ཞིབ་བྱེད་པར་སྤྲོད་པ་ལ་འཐད་པ་བྱུང་།
ཚོགས་ཐོག་ནས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10