«ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག»ཅེས་པ་འགྲེམ་སྤེལ་བྱས་པ།

ཚེ་རིང་སྒྲོལ་མ།    མཚོ་སྔོན་པོ་དྲ་བ།    2013-02-25

«ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག»ཅེས་པ་འགྲེམ་སྤེལ་བྱས་པ།

«ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག»


«ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག»ཅེས་པའི་དཔེ་དེབ་འདི་ནི་ཐང་སན་ཙང་དང་པེན་ཅིས་བརྩམས་ཤིང་། གུང་མགོན་པོ་སྐྱབས་ཀྱིས་བསྒྱུར་བ་དང་། སྐལ་བཟང་དགེ་ལེགས་རྒྱལ་མཚན་གྱིས་འགྱུར་བཅོས་མཛད་ལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་གནང་།

འདི་ནི་ཐང་སན་བླ་མ་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཆེ་ཆུང138ལ་ཕེབས་ནས་རང་གིས་དངོས་སུ་མཐོང་ཐོས་བྱུང་བའི་ཡུལ་ལུང་ས་ཚིགས་དང་། ཡུལ་སྲོལ་གོམས་གཤིས། ཐོན་དངོས་གནམ་གཤིས། སྐད་དང་ཡི་གེ ཆབ་སྲིད་དང་དཔལ་འབྱོར། རིག་གནས། ཆོས་ལུགས་ལ་སོགས་བཀོད་པའི་ཐང་དུས་ཀྱི་གསུང་རྩོམ་གྲགས་ཅན་ཞིག་ཡིན་ཞིང་། ཨེ་ཤ་ཡ་ལྷོ་མ་དང་དཀྱིལ་མའི་གནའ་རབས་ཀྱི་ལོ་རྒྱུས་དང་ཆོས་ལུགས་ལ་ཞིབ་འཇུག་གནང་མཁན་ཚོར་དཔྱད་གཞིའི་ཡིག་ཆ་གལ་ཆེན་མཁོ་སྤྲོད་བྱས་ཡོད།

  • ལེ་ཚན་སྔོན་མ།:ཀྲང་ཏི་ཅང་གིས་ཐེན་ཅིན་གྱི་བྱ་བར་རྟོག་ཞིབ་མཛད་པ།
  • ལེ་ཚན་རྗེས་མ།:ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས
  • དོ་སྣང་ཆེ་བའི་རྩོམ།