ཅང་ཞིའི་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི300ལྷག་ལ་དཔྱིད་གསར་དུས་ཆེན་གྱི་ཁ་གསབ་མ་དངུལ་ཐོབ།
(གངས་སྐྱིད་ཀྱིས་བསྒྱུར།) 2013-01-31
ཞིན་ཧྭ་གསར་འགྱུར་ཁང་ནན་ཁྲང་ནས་ཟླ་བ་དང་པོའི་ཚེས27ཉིན་འབྱོར་བའི་གཏམ་གསར། ཅང་ཞི་ཞིང་ཆེན་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རྩ་བའི་འཚོ་བར་འགན་སྲུང་བྱེད་ཆེད། ཅང་ཞི་ཞིང་ཆེན་གྱིས་དཔྱིད་གསར་དུས་ཆེན་མ་ཡོང་སྔོན་དུ་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི300ལྷག་ལ་སྤྲོད་ཐེངས་གཅིག་ཏུ་དཔྱིད་གསར་དུས་ཆེན་གྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར7.64སྤྲོད་རྒྱུ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཁ་གསབ་མ་དངུལ་སྤྲོད་ཡུལ་དང་སྤྲོད་པའི་ཚན་གཞི་ནི་གྲོང་ཁྱེར་གྱི་མ་མཐའི་འཚོ་རྟེན་འགན་སྲུང་དུད་ཚང་དང་། ཞིང་སྡེའི་འགན་ལེན་ལྔའི་དུས་ཚང་ཡིན་པ་དང་དེ་ཚོའི་མི་རེར་སྒོར200སྤྲོད་རྒྱུ་ཡིན་པ་དང་གཅིག གྲོང་ཁྱེར་གྱི་མ་མཐའི་འཚོ་རྟེན་འགན་སྲུང་དུད་ཚང་ཡིན་པ་དང་དེ་ཚོའི་མི་རེར་སྒོར300སྤྲོད་རྒྱུ་ཡིན་པ་དང་གཉིས། རྒྱལ་ཁབ་ཀྱི་གཟིགས་སྐྱོང་མ་དངུལ་གྱི་ཁ་གསབ་ལོངས་སྤྱོད་བྱེད་མཁན་གྱི་གཟིགས་སྐྱོང་བྱ་ཡུལ། ཀྲུང་གོ་གསར་པ་དབུ་བརྙེས་མ་བྱེད་སྔོན་དུ་གུང་ཁྲན་ཏང་ནང་ཞུགས་པའི་ཞིང་སྡེའི་ཏང་ཡོན་རྒན་པ། ལས་བྲལ་ངལ་གསོ་དང་ལས་འཁྱུར་ངལ་གསོའི་ཐོབ་ཐང་ལོངས་སྤྱོད་བྱེད་མིན་པའི་གྲོང་རྡལ་གྱི་ཏང་ཡོན་རྒན་པ་བཅས་ཡིན་པ་དང་དེ་ཚོའི་མི་རེར་སྒོར360སྤྲོད་རྒྱུ་ཡིན་པ་དང་གསུམ་བཅས་རེད། ཁ་གས་མ་དངུལ་དེ་དཔྱིད་གསར་དུས་ཆེན་མ་ཡོང་སྔོན་དུ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ལག་ཐོག་སྤྲོད་རྒྱུ་རེད།