ཝང་ཏུང་མིང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཀྲུའུ་རེན་དང་། ཝེ་ཧུང་ཞིང་དཔོན་དུ་བདམས་ཐོན་བྱུང་།
ཟླ་བ1པའི་ཚེས29ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ་རེད། ཚོགས་ཆེན་དུ་འབྱོར་དགོས་པའི་འཐུས་མི887ཡིན་ཞིང་། དངོས་སུ་འབྱོར་བའི་འཐུས་མི876ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན། ཚོགས་ཐོག་ཁྲིམས་འབེབས་གོ་རིམ་ལྟར་རང་མིང་མ་བཀོད་པའི་འདེམས་ཤོག་འཕེན་པའི་བྱེད་སྟངས་ལ་བརྟེན་ནས་ཝང་ཏུང་མིང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་དང་། ཀྲང་ཏུང་ཧྲེང་དང་། ཕེང་ཡུས། ལིའུ་ཏའོ་ཕིང་། ཙེང་ཧྲེང་ཆོན། ཀྲའོ་ཨའེ་མིང་། ལིའུ་ཅ་ཆང་བཅས་ཀྲུའུ་རེན་གཞོན་པར་བདམས་ཐོན་བྱས་པ་རེད།
ཝེ་ཧུང་ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་དང་། ཀྲུང་མན་དང་། ཧོང་ཡན་རུང་། ཝང་ལིང་། ཁྲེང་ཝུན་ཧྭ། ལིའུ་ཅེ། ཆི་མུ་སི་ཧ། ཀན་ལིན། སི་ཅུན་བཅས་ཞིང་དཔོན་གཞོན་པར་བདམས་ཐོན་བྱས་པ་རེད། ཚོགས་ཐོག་ཁྲིམས་འབེབས་གོ་རིམ་ལྟར་རང་མིང་མ་བཀོད་པའི་འདེམས་ཤོག་འཕེན་པའི་བྱེད་སྟངས་ལ་བརྟེན་ནས་ཝང་ཧའེ་ཕིང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་རུ་བདམས་ཐོན་བྱས་ཤིང་། ཏེང་ཁྲོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་བདམས་ཐོན་བྱས་ཏེ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་གནང་རྒྱུར་སྤྲད་རྗེས་ཁྱབ་བསྒྲགས་བྱ་རྒྱུ་རེད།