ཁ་བ་ཅན། མཚོ་སྔོན་པོ་དྲ་བ། 2013-01-30
《སྐལ་བཟང་གི་གཟའ་མཇུག》གི་ཁྱབ་བསྒྲགས་བརྡ་ཁྱབ།
ཉེ་ལམ་འབྱོར་བའི་གནས་ཚུལ། སྐབས་དགུ་བའི་པན་ཏོ་རྒྱལ་སྤྱིའི་དངོས་བཤུས་གློག་བརྙན་དུས་ཆེན་གྱིས་བརྡ་འབྱོར་བའི་གནས་ཚུལ་ལྟར་ན། ཞི་བདེ་ཉི་མའི་དངོས་བཤུས་གློག་བརྙན་བརྩམས་ཆོས《སྐལ་བཟང་གི་གཟའ་མཇུག》ཟེར་བ་དེ་འགྲན་བསྡུར་ཚན་ཁག་དགུའི་གྲས་སུ་བདམས་ཐོན་བྱུང་བ་དང་། གློག་བརྙན་དཔྱད་འདེམས་ཀྲུའུ་ཞི་ཨ་པ་སི་ཨ་ནོ་ཐི་ཡིས་དངོས་ཞུའི་གློག་བརྙན་འདིར་གདེང་འཇོག་ཚད་མཐོན་པོ་གནངས་ཤིང་། གློག་བརྙན་དུས་ཆེན་འདི་ཟླ4བའི་ནང་ཁ་ཐ་ཨར་གྱི་རྒྱལ་ས་ཏོ་ཧ་ནས་ཚོགས་རྒྱུ་རེད།
དེ་ལས་གཞན་དངོས་ཞུའི་གློག་བརྙན་འདིར་རྒྱལ་ནང་གི་གློག་བརྙན་དུས་ཆེན་དུ་མའི་སྟེང་ཕུལ་བྱུང་འཁྲབ་ཁྲིད་པ་དང་། ཕུལ་བྱུང་དངོས་ཞུའི་གློག་བརྙན་སོགས་ཀྱི་བྱ་དགའ་ཐེངས་གསུམ་ལ་ཐོབ་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10