ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2013-01-30
《འཚོལ་ཞིབ་དང་མཐའ་དཔྱོད》ཅེས་པ་པར་བསྐྲུན་འགྲེམ་སྤེལ་བྱས།
ཉེ་ལམ། 《དེང་རབས་བོད་རིག་པའི་སྐོར་གྱི་དཔྱད་རྩོམ་གཅེས་བཏུས། འཚོལ་ཞིབ་དང་མཐའ་དཔྱོད》ཅེས་པ་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས་ཤིང་། ཟླ1པོའི་ཚེས28ཉིན་ས་གནས་སོ་སོའི་ཞིན་ཧྭ་དཔེ་ཁང་དུ་བཀྲམ་པ་རེད།
དེབ་འདིར་དེང་རབས་བོད་རིག་པའི་ཞིབ་འཇུག་གི་ཕུལ་བྱུང་དཔྱད་རྩོམ36བདམས་ཡོད་པ་དང་། བོད་ཀྱི་ལོ་རྒྱུས་རིག་གནས་དང་། རྩོམ་རིག མཛེས་རྩལ། དམངས་སྲོལ། བོན་ཆོས། གནའ་རྫས་རྟོག་ཞིབ། དཔྱད་གཞིའི་ཡིག་ཆ་གལ་ཆེན་སོགས་འདུས་ལ། དཔྱད་རྩོམ་རེ་རེ་ནི་དེང་རབས་བོད་རིག་པའི་ཁྱབ་ཁོངས་སུ་ཤུགས་རྐྱེན་ཤིན་ཏུ་ཆེ་ཞིང་བརྗོད་དོན་ནམ་ལྟ་ཚུལ་ལེགས་པའི་དཔྱད་རྩོམ་དག་ཡིན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10