ཝུན་ཅ་པའོ་ཡིས་ཀྲུང་གོ་མི་དམངས་དངུལ་ཁང་གི་བྱ་བར་རྟོག་ཞིབ་མཛད་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-01-23

ཝུན་ཅ་པའོ་ཡིས་ཀྲུང་གོ་མི་དམངས་དངུལ་ཁང་གི་བྱ་བར་རྟོག་ཞིབ་མཛད་པ།
 

  འདི་ནི་ཟླ1པོའི་ཚེས21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་རྟོག་ཞིབ་སྡོམ་རྩིས་ཟི་དང་དངུལ་རྩ་སྲིད་ཇུས་ཟི་སོགས་ཟི་དང་ཅུའུ་ཡི་ལས་བྱེད་མི་སྣར་འཚམས་འདྲི། དངུལ་རྩའི་ཆ་འཕྲིན་ལྟེ་གནས་ནས་རྒྱལ་མཛོད་ལས་སྒོ་མ་ལག་དང་མི་སྒེར། ཁེ་ལས་ཀྱི་ཡིད་སྟོན་ཆ་འཕྲིན་མ་ལག་འཛུགས་སྐྲུན་དང་དེ་བཀོལ་སྤྱོད་བྱེད་པའི་གནས་ཚུལ་མཚམས་སྦྱོར་ལ་ཉན་པའི་ཚུལ་རེད།

ཝུན་ཅ་པའོ་ཡིས་ཀྲུང་གོ་མི་དམངས་དངུལ་ཁང་གི་བྱ་བར་རྟོག་ཞིབ་མཛད་པ།

  འདི་ནི་ཟླ1པོའི་ཚེས21ཉིན། རྟོག་ཞིབ་མཇུག་རྫོགས་རྗེས། ཝུན་ཅ་པའོ་ཡིས་ཀྲུང་གོ་མི་དམངས་དངུལ་ཁང་དང་། ཀྲུང་གོ་དངུལ་ཁང་ལྟ་རྟོག་ཚོགས་པ་དང་། ཀྲུང་གོ་དངུལ་བྱང་ལྟ་རྟོག་ཚོགས་པ། ཀྲུང་གོ་ཉན་ཚབ་ལྟ་རྟོག་ཚོགས་པ་བཅས་དང་འབྲེལ་ཡོད་དངུལ་རྩའི་ལས་ཁུངས། ཚོང་ལས་དངུལ་ཁང་གཙོ་བོའི་འགན་འཁུར་པ་དང་བཞུགས་མོལ་བྱེད་པའི་ཚུལ་རེད།
 

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཟླ1པོའི་ཚེས21ཉིན་ཀྲུང་གོ་མི་དམངས་དངུལ་ཁང་གི་བྱ་བར་རྟོག་ཞིབ་མཛད་སྐབས་དངུལ་རྩ་བཅོས་བསྒྱུར་དང་འཕེལ་རྒྱས་སུ་བཏང་ནས། དངུལ་རྩའི་བྱ་བའི་རྣམ་པ་གསར་བ་གསར་སྤེལ་བྱེད་དགོས་ཞེས་ནན་གྱིས་བསྟན།

  ཕྱི་དྲོའི་དུས་ཚོད3ཡས་མས་སུ། ཝུན་ཅ་པའོ་ཡིས་རྟོག་ཞིབ་སྡོམ་རྩིས་ཟི་དང་དངུལ་རྩ་སྲིད་ཇུས་ཟི་སོགས་ཟི་དང་ཅུའུ་ཡི་ལས་བྱེད་མི་སྣར་འཚམས་འདྲི། དངུལ་རྩའི་ཆ་འཕྲིན་ལྟེ་གནས་ནས་རྒྱལ་མཛོད་ལས་སྒོ་མ་ལག་དང་མི་སྒེར། ཁེ་ལས་ཀྱི་ཡིད་སྟོན་ཆ་འཕྲིན་མ་ལག་འཛུགས་སྐྲུན་དང་དེ་བཀོལ་སྤྱོད་བྱེད་པའི་གནས་ཚུལ་མཚམས་སྦྱོར་ལ་ཉན།

  དེའི་རྗེས་སུ། ཝུན་ཅ་པའོ་ཡིས་ཀྲུང་གོ་མི་དམངས་དངུལ་ཁང་དང་། ཀྲུང་གོ་དངུལ་ཁང་ལྟ་རྟོག་ཚོགས་པ་དང་། ཀྲུང་གོ་དངུལ་བྱང་ལྟ་རྟོག་ཚོགས་པ། ཀྲུང་གོ་ཉན་ཚབ་ལྟ་རྟོག་ཚོགས་པ་བཅས་དང་འབྲེལ་ཡོད་དངུལ་རྩའི་ལས་ཁུངས། ཚོང་ལས་དངུལ་ཁང་གཙོ་བོའི་འགན་འཁུར་པ་དང་བཞུགས་མོལ་མཛད། བཞུགས་མོལ་མཛད་སྐབས། ཝུན་ཅ་པའོ་ཡིས་བཅོས་སྒྱུར་སྒོ་འབྱེད་ཚུན་གྱི་དངུལ་རྩའི་བཅོས་བསྒྱུར་དང་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བར་སྤྱི་སྡོམ་གནང་བར་མ་ཟད། ཁོང་གིས་དེང་ཕྱིན་གྱི་དུས་སྐབས་ཤིག་ལ། དངུལ་རྩའི་བྱ་བར་འཕྲད་པའི་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བས། དཔལ་འབྱོར་རྒྱུན་སྲིང་དང་སྐྱོན་བྲལ་བའི་ངང་གོང་དུ་སྤེལ་བ་དང། དངོས་གོང་བརྟན་འཇགས་སུ་གཏོང་བ། དངུལ་རྩའི་ཉེན་ཁ་འགོག་སྲུང་བྱེད་པ་བཅས་ཁྲོད་དུ་དངུལ་ལོར་སྲིད་ཇུས་ཀྱི་ནུས་པ་གཙོ་བོ་ངེས་པར་དུ་འདོན་སྤེལ་ལེགས་པོ་བྱེད་རྒྱུ་དང་། ཁྲོམ་ར་ཁ་ཕྱོགས་ཡིན་པའི་དངུལ་རྩ་གསར་སྤེལ་བྱེད་པར་སྐུལ་སློང་དང་། དངུལ་རྩའི་ལས་ཁུངས་རིགས་སྣ་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། དམངས་གཉེར་དངུལ་རྩའི་ལས་ཁུངས་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་དང་། ཆེ་ཕྱོགས་དཔལ་འབྱོར་བརྟན་འཇགས་སུ་གཏོང་བ་དང་། དངོས་ཕུང་དཔལ་འབྱོར་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱེད་པའི་དེང་རབས་དངུལ་རྩའི་མ་ལག་འཐུས་ཚང་དང་དེར་ཡར་སྐུལ་གཏོང་བ། དངུལ་རྩའི་ཉེན་ཁ་སྔར་ལས་འགོག་སྲུང་དང་གཡོལ་ཅི་ཐུབ་བྱེད་པ་དང་། དངུལ་རྩའི་བརྟན་འཇགས་ངེས་པ་དོན་གྱིས་སྲུང་སྐྱོང་བྱས་ཏེ། རྒྱལ་ཁབ་ཀྱི་དངུལ་རྩའི་བདེ་འཇགས་ཁག་ཐེག་བྱེད་དགོས་ཞེས་གསུངས། 


 

  • ལེ་ཚན་སྔོན་མ།:ཆེད་མཁས་པས་སྤྱི་ལོ2013ལོའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་སྔོན་དཔག་བྱས་པ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་སུ་ཤོག་སྦག་བདེ་འཇགས་ངང་སྤར་བའི་གཅིག་བསྡུས་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།