ཀྲུང་གོའི་བོད་སྐད་རླུང་འཕྲིན། 2013-01-22
རྒྱལ་སྲིད་སྤྱི་ཁྱབ་ཁང་གོང་འཕེལ་ཞིབ་འཇུག་ལྟེ་གནས་ཁྲོམ་རའི་དཔལ་འབྱོར་ཞིབ་འཇུག་ཁང་གི་འགོ་འཛིན་རིན་ཤིན་ཀྲའུ་ཡིས་ཀྲུང་གོའི་ས་ཁང་བདག་ཁོངས་ཐོན་ལས་ཀྱི་ཁྲོམ་རའི་འཕེལ་ཕྱོགས་དང་ལེགས་སྒྲིག་སྲིད་ཇུས་དབྱེ་ཞིབ་ཅེས་པར་བརྗོད་བྱ་གཙོ་བོའི་གཏམ་བཤད་སྤེལ་ཡོད། ཁོང་གིས་སྤྱི་ལོ2012ལོར་ཀྲུང་གོའི་ས་ཁང་བདག་ཁོངས་ཐོན་ལས་ཁྲོམ་རར་སྔོན་ལ་དམའ་བ་དང་། བར་དུ་འཕར་བ། མཇུག་ཏུ་འདེགས་པ་བཅས་ཀྱི་དུས་རིམ་གསུམ་ཐོན་ཡོད། སྤྱི་ལོ2013ལོའི་རྒྱལ་ནང་ས་ཁང་བདག་དབང་ཐོན་ལས་ཀྱི་ཁྲོམ་རའི་འཕེལ་ཚུལ་བལྟོས་བཅས་ཀྱི་བརྟན་པོ་ཡོང་རྒྱུ་ཡིན། འོན་ཀྱང་རྒྱུ་རྐྱེན་མང་པོ་གནོན་བརྩེགས་བྱས་ནས་ཐོན་པའི་ཁྲོམ་རའི་གཡོ་འགུལ་ཐོན་མི་སྲིད་པ་ཡང་ཤོད་ཁག་པོ་ཡིན་ཞེས་གསུངས་ཡོད་པ་རེད།
སྤྱི་ལོ2013ལོའི་རང་རྒྱལ་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཀྱི་འཕེལ་ཕྱོགས་ཞེས་པའི་བརྗོད་བྱ་གཙོ་བོར་དམིགས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གོང་འཕེལ་ཞིབ་འཇུག་ལྟེ་གནས་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་པུའི་པུའུ་ཀྲང་ཡུལ་པིན་གྱིས། ཀྲུང་གོའི་དཔལ་འབྱོར་འཕར་སྣོན་དུས་མཚམས་བརྗེ་འགྱུར་དང་དོ་སྙོམས་གསར་པ་འཚོལ་བའི་འགག་རྩའི་དུས་ལ་སླེབས་ཡོད། སྤྱི་ལོ2013ལོར་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་བརྟན་པོ་ལག་བསྟར་བྱེད་དགོས་ཀྱི་ཡོད། སྔོན་དཔག་བྱས་ན་ད་ལོའི་དཔལ་འབྱོར་འཕར་སྣོན་འགྲོ་ཚད་སྤྱི་ལོ2012ལོ་དང་སྤྱིའི་ཆ་ནས་འདྲ་པོ་ཡོང་སྲིད་པ་དང་། རྒྱལ་ཡོངས་གྲོང་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས4%གཡས་གཡོན་འཕར་བཟོ་ཡོད་ཅེས་གསུངས་ཡོད་པ་རེད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གོང་འཕེལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧན་ཅུན་གྱིས། རྒྱལ་སྲིད་སྤྱི་ཁྱབ་ཁང་གོང་འཕེལ་ཞིབ་འཇུག་ལྟེ་གནས་ཕྱི་ཕྱོགས་དཔལ་འབྱོར་ཞིབ་འཇུག་པུའི་པུའུ་ཀྲང་ལུང་གོ་ཆང་སོགས་ཀྱིས་ཞིང་གསུམ་དང་། ཕྱི་ཕྱོགས་ཉོ་ཚོང་སོགས་གནད་དོན་གྱི་སྤྱི་ལོ2013ལོའི་འཕེལ་ཕྱོགས་ཐད་དབྱེ་ཞིབ་བྱས་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10