མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-01-17
ཟླ1པོའི་ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས2012ལོའི་སྟོན་ཁའི་སློབ་སྐབས་མཇུག་རྫོགས་པའི་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡོན་ཧྲན་སློབ་སྐབས་མཇུག་རྫོགས་པའི་མཛད་སྒོར་ཞུགས་པར་མ་ཟད། སློབ་མ་རྣམས་ལ་མཐར་ཕྱིན་དཔང་ཡིག་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་ཚེས15ཉིན་ཉིས་སྟོང་བཅུ་གཉིས་ལོའི་སྟོན་ཁའི་སློབ་སྐབས་མཇུག་རྫོགས་པའི་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡོན་ཧྲན་སློབ་སྐབས་མཇུག་རྫོགས་པའི་མཛད་སྒོར་ཞུགས་པར་མ་ཟད། སློབ་མ་རྣམས་ལ་མཐར་ཕྱིན་དཔང་ཡིག་གནང་།
ཀྲུང་དབྱང་ཏང་གི་སློབ་གྲྭའི་སྟོན་ཁའི་སློབ་སྐབས་འདིར་བསྡོམས་པས་མཐར་ཕྱིན་སློབ་མ604ཡོད་པ་དང་། གཞན་ཡང་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་ཡན་ལག་སློབ་གྲྭ་དང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་ཡན་ལག་སློབ་གྲྭ། དམག་དཔུང་གི་ཡན་ལག་སློབ་གྲྭ། རྒྱལ་ཁབ་རྒྱུ་ནོར་དོ་དམ་ཨུ་ཡོན་ལྷན་ཁང་གི་ཡན་ལག་སློབ་གྲྭ་བཅས་སུ་བསྡོམས་པས་སློབ་མ2800ལྷག་དུས་མཉམ་དུ་སློབ་མཐར་ཕྱིན། མཐར་ཕྱིན་སློབ་མ་རྣམས་ཀྱིས་བཤད་རྒྱུར། ཐེངས་འདིའི་སློབ་སྦྱོང་བྱས་པ་བརྒྱུད། བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་དང་གཅིག་གྱུར་བྱེད་པའི་རང་རྟོགས་རང་བཞིན་སྔར་ལས་ཇེ་དྲག་ཏུ་སོང་ཞིང་། རིགས་གཞུང་རྨང་གཞི་ཇེ་བརྟན་དུ་སོང་བ་དང་རིགས་གཞུང་བྱང་ཚད་ཇེ་མཐོར་སོང་། མཐོང་རྒྱ་ཇེ་ཡངས་སུ་སོང་བ་དང་ཤེས་བྱའི་སྒྲིག་གཞི་འཐུས་ཚང་དུ་སོང་བར་མ་ཟད། བསམ་ཕྱོགས་ཀྱི་ཆུ་ཚད་དང་མགོ་ཁྲིད་ནུས་པ་སྔར་ལས་ཇེ་ཆེར་སོང་བ་དང་བསམ་བློའི་གོ་རྟོགས་སྔར་ལས་ཇེ་མཐོར་སོང་ཟེར།
མཐར་ཕྱིན་མཛད་སྒོའི་སྟེང་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱུན་ལས་སློབ་གཙོ་གཞོན་པ་ལིས་ཅིན་ཐེན་གྱིས་གཏམ་བཤད་སྐབས། སློབ་མ་རྣམས་ཀྱིས་མུ་མཐུད་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱས་ཏེ། བྱ་བ་སོ་སོའི་ཐད་ནས་རྣམ་པ་གསར་བ་གསར་བསྐྲུན་བྱེད་དགོས་པ་དང་། གཏན་ཁེལ་བརྒྱད་ཀྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་བྱས་ནས་བྱ་བའི་སྤྱོད་ཚུལ་བསྒྱུར་བ་དང་མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱེད་དགོས་པའི་རེ་བ་བཏོན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10