ཝུན་ཅ་པའོ་ཡིས་ནོར་སྲིད་པུའུ་ཡི་བྱ་བར་རྟོག་ཞིབ་མཛད་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-01-17

ཝུན་ཅ་པའོ་ཡིས་ནོར་སྲིད་པུའུ་ཡི་བྱ་བར་རྟོག་ཞིབ་མཛད་པ།
 ཟླ1པོའི་ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ནོར་སྲིད་པུའུ་ཡི་བྱ་བར་རྟོག་ཞིབ་མཛད།

ཝུན་ཅ་པའོ་ཡིས་ནོར་སྲིད་པུའུ་ཡི་བྱ་བར་རྟོག་ཞིབ་མཛད་པ།

  ཟླ1པོའི་ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ནོར་སྲིད་པུའུ་ཡི་བྱ་བར་རྟོག་ཞིབ་མཛད། པར་འདི་ནི་ཝུན་ཅ་པའོ་ཡིས་ལས་བྱེད་མི་སྣར་བརྩེ་བའི་ཕྱག་འཇུ་གནང་བའི་ཚུལ་རེད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཚེས15ཉིན་ནོར་སྲིད་པུའུ་ཡི་བྱ་བར་རྟོག་ཞིབ་མཛད་སྐབས། ནོར་སྲིད་བྱ་བས་སྔར་ལས་བཟང་བའི་སྒོ་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱེད་པར་ཞབས་ཕྱི་སྒྲུབ་དགོས་ཞེས་ནན་གྱིས་བསྟན།

  ཉིན་དེའི་སྔ་དྲོའི་དུས་ཚོད9ཡི་སྟེང་ཝུན་ཅ་པའོ་ནོར་སྲིད་པུའུ་ལ་ཕེབས་ཏེ་སྔོན་རྩིས་ཟི་དང་ཞིང་ལས་ཟི། གཞུང་སྒྲུབ་ཐིན། ཕྱོགས་བསྡུས་ཟི་སོགས་སྡེ་ཁག་གི་ལས་བྱེད་མི་སྣར་འཚམས་འདྲི་མཛད་པར་མ་ཟད་ཚང་མ་དང་མཉམ་དུ་གསུང་གླེང་མཛད། ཝུན་ཅ་པའོ་ཡིས་ལོ་བཅུའི་རིང་ལ་ནོར་སྲིད་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་སྒྲིག་གཞི་སྙོམས་སྒྲིག མང་ཚོགས་ཀྱི་འཚོ་བ་ལེགས་བཅོས། བཅོས་སྒྱུར་སྒོ་འབྱེད་སོགས་ཀྱི་ཕྱོགས་སུ་གཞན་གྱིས་ཚབ་བྱེད་ཐབས་མེད་པའི་ནུས་པ་བཏོན་ཞེས་གསུངས་པར་མ་ཟད། རྒྱ་ཆེའི་ནོར་སྲིད་བྱ་བ་སྒྲུབ་མཁན་གྱིས་ལོ་མང་བོའི་རིང་ལ་ལས་གནས་བརྟན་སྲུང་དང་ནན་ཏན་ཞིབ་ཕྲ་ཡི་སྒོ་ནས་ནོར་སྲིད་བྱ་བ་བསྒྲུབས་པར་བཀའ་དྲིན་ཆེ་ཞུས།

  ཝུན་ཅ་པའོ་ཡིས་བཞུགས་མོལ་མཛད་སྐབས་གསུངས་རྒྱུར། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་ལ། ང་ཚོའི་མདུན་དུ་ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་ནང་གི་ཁོར་ཡུག་གནས་ཡོད་པ་དང་ལས་འགན་ལྗིད་ཅིང་དཀའ་ཚེགས་ཧ་ཅང་ཆེ་བས། ནོར་སྲིད་བྱ་བས་གནས་བབ་ཀྱི་འགྱུར་ལྡོག་དང་ཇི་ལྟར་མཐུན་ཐབས་བྱེད་པ་དང་། སྔར་ལས་བཟང་བོའི་སྒོ་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱེད་པར་ཞབས་ཕྱི་སྒྲུབ་རྒྱུ་ནི་ནོར་སྲིད་བྱ་བ་སྒྲུབ་མཁན་རྣམས་ཀྱི་མདུན་དུ་ལྷགས་པའི་བརྗོད་གཞི་གསར་བ་ཞིག་ཡིན། འཕེལ་རྒྱས་ལ་རྐང་འཛུགས་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ནོར་སྲིད་ཕྱོགས་སུ་ཆེ་ཕྱོགས་ནས་ཚོད་འཛིན་དང་སྙོམས་སྒྲིག་བྱེད་པའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས་པ་དང་། མང་ཚོགས་ཀྱི་འཚོ་བ་ཐོག་མར་ལེགས་བཅོས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་ཞིང་ཅུང་ཆ་ཚང་ཡིན་པ་དང་། གྲོང་གསེབ་ཡོངས་ལ་ཁྱབ་པའི་གཞི་རྩའི་སྤྱི་བའི་ཞབས་ཕྱིའི་མ་ལག་རིམ་བཞིན་ཆགས་པར་བྱེད་དགོས་ལ། བཅོས་སྒྱུར་གསར་སྐྲུན་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་སྤྱི་ཚོགས་འདྲ་མཉམ་ལ་ཕན་པའི་ནོར་སྲིད་ཁྲལ་དོན་སྒྲིག་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པར་མ་ཟད། ཚན་རིག་དང་མཐུན་པའི་དོ་དམ་རྒྱུན་འཁྱོངས་བྱས་ཏེ་ཁྲིམས་ལྟར་དངུལ་དོན་དོ་དམ་བྱེད་པའི་བྱ་བ་བཟང་བོར་སྒྲུབ་དགོས་ཟེར།

  ཁྲལ་དོན་ལམ་ལུགས་ལེགས་སྒྱུར་བྱེད་པའི་སྐོར་གླེང་སྐབས། ཝུན་ཅ་པའོ་ཡིས་གསུངས་རྒྱུར། དུས་ཡུན་རིང་འབྲིང་གི་གནས་བབ་ལ་བལྟས་ན། ཁྲལ་དོན་ལམ་ལུགས་བཅོས་སྒྱུར་བྱེད་ཐབས་གཉིས་ལ་ནན་ཏན་སྒོས་ཞིབ་འཇུག་བྱེད་དགོས། གཅིག་ནི་ས་ཁོངས་བདག་ཁང་འཛུགས་སྐྲུན་གྱི་ཁྲལ་བསྡུ་ལམ་ལུགས་བཅོས་སྒྱུར་བྱས་ནས་ས་ཁོངས་བདག་ཁང་ཚོང་ར་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པ་དང་། གཞན་ཞིག་ནི་ཡོང་སྒོ་བགོ་བར་སྙོམས་སྒྲིག་བྱེད་པར་ཕན་པའི་ཁྲལ་བསྡུ་ལམ་ལུགས་འཐུས་ཚང་དུ་བཏང་ནས། ནོར་སྲིད་ཀྱིས་ཡོང་སྒོ་བགོ་བར་སྙོམས་སྒྲིག་བྱེད་པའི་ཁྲོད་དུ་ནུས་བ་ཆེན་པོ་འདོན་རྒྱུ་དེ་ཡིན་ཟེར།  །

  • ལེ་ཚན་སྔོན་མ།:བསང་ཆུ་རྫོང་གི་བོད་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ཐད་གྲུབ་འབྲས་གསར་བ་ཐོབ་པ།
  • ལེ་ཚན་རྗེས་མ།:ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས2012ལོའི་སྟོན་ཁའི་སློབ་སྐབས་མཇུག་རྫོགས་པའི་མཛད་སྒོ་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།