ཁམས་པའི་བརྙན་འཕྲིན་ཁང་གིས་བོད་ལུགས་ལོ་སར་དགོང་ཚོགས་ཕབ་བསྐྲུན་ལེགས་འགྲུབ་བྱུང་།
ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2013-01-15
ཟླ1པོའི་ཚེས13ཉིན། ཁམས་པའི་བརྙན་འཕྲིན་ཁང་གིས་ད་ལོའི་བོད་ལུགས་ལོ་སར་དགོང་ཚོགས་ཕབ་བསྐྲུན་ལེགས་འགྲུབ་བྱུང་ཞིང་། ཐེངས་འདིའི་དགོང་ཚོགས་སུ་གླུ་བ་གཡུང་དྲུང་རྒྱལ་དང་། དབང་མོ། ཨ་ཅག་ཚན་སྡེབ། ཨ་ལན་ཟླ་བ་སྒྲོལ་མ། ཕུར་བ་རྒྱལ། སྒྲོན་བྷེ་སོགས་བོད་ཀྱི་ཕུལ་བྱུང་གླུ་བ་གླུ་མ་སྐོར་ཞིག་ཞུགས་ནས་སོ་སོས་བོད་ཀྱི་གླུ་གར་སྣ་ཚོགས་འཁྲབ་སྟོན་གནང་སྟེ་བོད་ལུགས་ལོ་སར་དགོང་ཚོགས་ལ་སྐྱེས་སུ་ཕུལ་བ་རེད།