མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-12-31
ཟླ12པའི་ཚེས28ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན་གྱིས་མགོ་འཛིན་མཛད་དེ་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ང་བཞི་བ་བསྡུས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན་གྱིས་ཚེས28ཉིན་མགོ་འཛིན་མཛད་དེ་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ང་བཞི་བ་བསྡུས། ཚོགས་ཐོག་ནས་སང་ལོའི་ཟླ་དང་པོའི་ཚེས29ཉིན་ནས་ཟླ2པའི་ཚེས1ཉིན་བར་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་བ་བསྡུས་ནས། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་འཚོགས་པར་གྲ་སྒྲིག་བྱེད་རྒྱུ་ཐག་བཅད་པར་མ་ཟད། སང་ལོའི་ཟླ་གསུམ་པའི་ཚེས་གསུམ་ཉིན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་འཚོགས་དགོས་པའི་གྲོས་གཞི་བཏོན།
ཚོགས་ཐོག་ནས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་འཚོགས་པའི་སྐོར་གྱི་ཆོད་དོན་འཆར་ཟིན་དང་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་བའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་གྲོས་རིམ། སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་འདོན་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུའི་འཆར་ཟིན་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཡིག་ཐོག་ནས་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཕྱི་ཕྱོགས་འབྲེལ་འདྲིས་བྱ་བའི་སྤྱི་སྡོམ་མ་ཡིག་སོགས་ཡིག་ཆ་ལ་གྲོས་ཞིབ་བྱས། ཚོགས་ཐོག་ནས་གོང་གི་ཡིག་ཆའི་འཆར་ཟིན་དེ་དག་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་བར་སྤྲད་ནས་གྲོས་ཞིབ་བྱེད་རྒྱུ་ཐག་བཅད།
ཚོགས་ཐོག་ནས་ཅ་ཆིན་ལིན་གྱིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱས་ནས། ཀྲུང་དབྱང་གི་བྱ་བའི་སྤྱོད་ཚུལ་ལེགས་སྒྱུར་དང་མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱེད་པའི་སྐོར་གྱི་གཏན་ཁེལ་དངོས་འབེབས་བཟང་བོ་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས། འགན་ཁུར་འདུ་ཤེས་བཅས་ཇེ་དྲག་གཏོང་དགོས་ལ། དེང་སྐབས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ་དང་རྩ་འཛུགས་ཞིབ་མོ་བྱས་ནས་ཧུར་ཐག་སྒོས་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་བདེ་བླག་ངང་འཚོགས་པར་གྲ་སྒྲིག་བཟང་བོ་བྱེད་དགོས་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10