བསོད་ནམས་ཚེ་རིང་། སེང་རྡོར་དྲ་བ། 2012-12-25
ཟླ་བཅུ་གཉིས་པའི་ཚེས་བཅུ་དགུའི་ཉིན། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་དང་ཙུང་ཐུང་གཞོན་པ་པེད་ཏིན་གཉིས་ཝ་ཧྲིན་ཏོན་གྱི་ཕོ་བྲང་དཀར་པོ་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་བཅུ་དགུའི་ཉིན་ཕོ་བྲང་དཀར་པོ་ནས་གཏམ་བཤད་སྤེལ་ཏེ། ཟླ་རྗེས་མར་སྲིད་གཞུང་གིས་མེ་མདའ་ལ་ཚོད་འཛིན་བྱེད་པའི་ཐབས་ཇུས་འདོན་རྒྱུ་ཡིན་པ་དང་། ཙུང་ཐུང་གཞོན་པ་པེད་ཏིན་གྱིས་དོན་དེར་འགན་ཁུར་དུ་འཇུག་རྒྱུ་ཡིན་ཟེར།
ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་བཅུ་དགུའི་ཉིན་ཕོ་བྲང་དཀར་པོ་ནས་གཏམ་བཤད་སྤེལ་ཏེ། ཟླ་རྗེས་མར་སྲིད་གཞུང་གིས་མེ་མདའ་ལ་ཚོད་འཛིན་བྱེད་པའི་ཐབས་ཇུས་འདོན་རྒྱུ་ཡིན་པ་དང་། ཙུང་ཐུང་གཞོན་པ་པེད་ཏིན་གྱིས་དོན་དེར་འགན་ཁུར་དུ་འཇུག་རྒྱུ་ཡིན་ཟེར།
ཨོ་པཱ་མཱ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་ཇི་ལྟར་མེ་མདས་བརྒྱབ་པའི་དོན་རྐྱེན་ཇེ་ཉུང་དུ་གཏོང་བར་གྲོས་བསྡུར་བྱས་ཀྱང་། གྲོས་བསྡུར་བྱས་པ་ཙམ་གྱིས་མི་འདང་བར་ངེས་པར་ལག་ལེན་དུ་བསྟར་དགོས་ཟེར། ཁོས་བཤད་རྒྱུར། མེ་མདའིི་དྲག་ཤུགས་གནད་དོན་ཧ་ཅང་རྙོག་འཛིང་ཡིན་པས། ཁྲིམས་སྣ་གཅིག་ལ་བརྟེན་ནས་ཐག་གཅོད་བྱེད་ཐབས་མེད་པས། ངེས་པར་དུ་བཅའ་ཁྲིམས་དང་སློབ་གསོ། སེམས་ཁམས་བདེ་ཐང་སོགས་གནད་དོན་རབ་དང་རིམ་པར་ཕྱོགས་བསྡུས་ཀྱིས་བསམ་བློ་གཏོང་དགོས། དེར་བརྟེན་ན་པེད་ཏིན་གྱིས་རྒྱལ་ཕྲན་མཉམ་འབྲེལ་གྱི་སྡེ་ཁག་འགའི་སྣེ་ཁྲིད་དེ་སང་ལོའི་ཟླ་དང་པོར་དོན་དེའི་ཐད་གྲོས་གཞི་འདོན་རྒྱུ་ཡིན་ཟེར།
ཨོ་པཱ་མཱ་ཡིས་མེ་མདའ་ཚོད་འཛིན་བྱེད་པའི་གྲོས་གཞི་དེ་བཏོན་རྗེས་ཁོས་ཧུར་ཐག་སྒོས་ལག་བསྟར་བྱེད་རྒྱུ་ཡིན་ཟེར། ཁོས་ཙུང་ཐུང་གི་དབང་ཆ་ཡོད་ཚད་བཀོལ་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་རྒྱུ་བསྐྱར་སྒྲོག་བྱས། ཁོས་ཞོར་དུ་ད་རུང་རྒྱལ་ཚོགས་ཀྱིས་ཉིས་སྟོང་བཞིའི་ལོར་དུས་ཡུན་ལོངས་པའི་ཕར་རྒོལ་རང་བཞིན་གྱི་མེ་མདའི་ཕྱིར་འཚོང་གཏན་འགོག་བཀའ་རྒྱ་ཡང་བསྐྱར་ལག་བསྟར་བྱེད་པ་དང་། མེ་དམའི་ཕྱིར་འཚོང་འགྲེམ་སྟོན་ལ་ལྟ་ཞིབ་དོ་དམ་བྱེད་པར་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10