བོད་ཀྱི་ལོ་སར་སྤྲོ་ཚོགས་ཆེན་མོ་སྟེ་དགྱེས་འཛོམས་དཔྱིད་ཀྱི་ཉི་མ་བརྙན་ཕབ་བྱས་ཟིན།

    མཚོ་སྔོན་པོ་དྲ་བ།    2012-12-26

བོད་ཀྱི་ལོ་སར་སྤྲོ་ཚོགས་ཆེན་མོ་སྟེ་དགྱེས་འཛོམས་དཔྱིད་ཀྱི་ཉི་མ་བརྙན་ཕབ་བྱས་ཟིན།

དགྱེས་འཛོམས་དཔྱིད་ཀྱི་ཉི་མ་ཞེས་པའི་བོད་ལུགས་ལོ་
སར་སྤྲོ་ཚོགས་ཆེན་མོའི་བྲོ་གར་འཁྲབ་སྟོན།

        ཟླ12པའི་ཚེས21ཉིན་གྱི་དགོང་མོར། དགྱེས་འཛོམས་དཔྱིད་ཀྱི་ཉི་མ་ཞེས་པའི་བོད་ལུགས་ལོ་སར་སྤྲོ་ཚོགས་ཆེན་མོ་དེ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཁང་དུ་གཟབ་རྒྱས་ངང་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་། བློ་མཐུན་རྒན་པ་སྐལ་བཟང་རྡོ་རྗེ། བཞི་མགོན་པོ། དེ་མིན་ཁུལ་དྲུག་དང་ས་གནས་གཅིག  གྲོང་ཁྱེར་གཅིག་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་དག་དགོང་ཚོགས་སུ་ཞུགས།

བོད་ཀྱི་ལོ་སར་སྤྲོ་ཚོགས་ཆེན་མོ་སྟེ་དགྱེས་འཛོམས་དཔྱིད་ཀྱི་ཉི་མ་བརྙན་ཕབ་བྱས་ཟིན།
ཚོགས་ཞུགས་འགོ་ཁྲིད་དང་སྐུ་མགྲོན་རྣམ་པ།

བོད་ཀྱི་ལོ་སར་སྤྲོ་ཚོགས་ཆེན་མོ་སྟེ་དགྱེས་འཛོམས་དཔྱིད་ཀྱི་ཉི་མ་བརྙན་ཕབ་བྱས་ཟིན།
བྲོ་གར་གྱི་སྟངས་སྟབས་ལ་བསྒྱུར་བ།

        ཐེངས་འདིའི་དགོང་ཚོགས་སུ་མཁའ་དམག་ཆབ་སྲིད་པུའི་ཨ་སི་ཀིན་དང་། བོད་ལྗོངས་ཀྱི་མིང་གྲགས་གླུ་བ་འཇམ་དབྱངས་ཚེ་རིང་། མིང་གྲགས་གླུ་མ་འཕྱོངས་ཞོལ་སྒྲོལ་མ་དང་རིག་འཛིན་སྒྲོལ་མ། གཞན་ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པའི་ཚེ་རིང་དབྱངས་ཅན་དང་། གླུ་བ་བསམ་ཁོ། གངས་རིའི་ནང་མ་ཚན་སྡེབ་སོགས་གླུ་བ་གླུ་མ་ཞུགས་ཡོད།

བོད་ཀྱི་ལོ་སར་སྤྲོ་ཚོགས་ཆེན་མོ་སྟེ་དགྱེས་འཛོམས་དཔྱིད་ཀྱི་ཉི་མ་བརྙན་ཕབ་བྱས་ཟིན།
གླུ་བ་བསམ་ཁོས་གཞས་ཕུལ་བཞིན་པ།

བོད་ཀྱི་ལོ་སར་སྤྲོ་ཚོགས་ཆེན་མོ་སྟེ་དགྱེས་འཛོམས་དཔྱིད་ཀྱི་ཉི་མ་བརྙན་ཕབ་བྱས་ཟིན།
ཉམས་འགྱུར་ལྡན་པའི་བྲོ་གར།

        དེར་མི་རིགས་ཀྱི་དམངས་ཁྲོད་གླུ་གར་དང་གསར་བརྩམས་གླུ་གར། གཞས་མ་གཏམ། བོད་ཀྱི་འཁྲབ་གཞུང་ཟློས་གར། གཞས་ལེན་ཚན་སྡེབ། རོལ་མོ་སོགས་འདུས་པ་མ་ཟད། ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་ས་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་སོགས་ཀྱི་ལོ་སར་སྨོན་འདུན་གྱི་དྲིལ་སྒྲོག་བརྙན་རིས་ཀྱང་བར་བཅུག་བྱས་ལ། དེར་ཁྱད་པར་དུ་མགོ་ལོག་ཁུལ་གྱི་གེ་སར་རིག་གནས་ཀྱི་བྲོ་གར་འཁྲབ་སྟོན་དང་། མཚོ་ནུབ་ཁུལ་གྱི་ཁུ་ནུ་རིག་གནས་ཚབ་མཚོན་གྱི་བྲོ་གར། རྨ་ལྷོ་ཁུལ་གྱི་རེབ་གོང་རིག་གནས་མཚོན་པའི་གླུ་གར། དེ་མིན་མཚོ་ལྷོ་ཁུལ་གྱི་དམངས་ཁྲོད་མདའ་རྩེད་སོགས་ས་གནས་སོ་སོའི་རིག་གནས་ཡོངས་སུ་མངོན་ཞིང་། སྒོས་སུ་མཚོ་ཤར་གྱི་བ་ཡན་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ནི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་རིག་གནས་ཚན་པ་ཞིག་བྱས་ཏེ་ཐོག་དང་པོར་བོད་ཀྱི་ལོ་སར་གར་སྟེགས་སུ་བུད་པ་རེད།

བོད་ཀྱི་ལོ་སར་སྤྲོ་ཚོགས་ཆེན་མོ་སྟེ་དགྱེས་འཛོམས་དཔྱིད་ཀྱི་ཉི་མ་བརྙན་ཕབ་བྱས་ཟིན།
དགོང་ཚོགས་བདེ་བླག་ངང་མཇུག་སྒྲིལ་བ།

བོད་ཀྱི་ལོ་སར་སྤྲོ་ཚོགས་ཆེན་མོ་སྟེ་དགྱེས་འཛོམས་དཔྱིད་ཀྱི་ཉི་མ་བརྙན་ཕབ་བྱས་ཟིན།
ཚོགས་རའི་ཟུར་ཞིག

         དགོང་ཚོགས་ཀྱི་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གཙོ་འགན་འགོ་ཁྲིད་པ་དངོས་སུ་བརྙན་ཕབ་ཀྱི་གོ་རིམ་སོ་སོར་ཞུགས་ཏེ་མི་རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་སྔོག་འདོན་དང་དག་སྒྲིག་ལེགས་པོ་བྱས་པ་དང་། ལོ་སར་སྤྲོ་ཚོགས་འདིའི་རྣམ་པ་གསར་བ་དང་ཉམས་སྣང་གསར་བ་དག་ནུས་ཡོད་སྒོས་རྒྱལ་ཁབ་ཕྱི་ནང་གི་རྒྱ་ཆེ་བའི་གཟིགས་མོ་བ་ཡོངས་ལ་སྟོན་ཅི་ཐུབ་བྱས། དགོང་ཚོགས་འདི་ལས་བོད་ཀྱི་རིག་གནས་ཐོན་ཁུངས་ལེགས་པོར་བཀོལ་ནས་མཚོ་སྔོན་གྱི་ཁུལ་དྲུག་དང་ས་གནས་གཅིག གྲོང་ཁྱེར་གཅིག་བཅས་གཙོ་ཤུགས་སུ་བཟུང་སྟེ། བོད་ཁུལ་གྱི་རོང་འབྲོག་ས་ཁུལ་དང་། མཁར་གྲོང་། གྲོང་ཁྱེར་སོགས་ཀྱི་ཕྱོགས་ཀུན་རིག་གནས་རྣམ་པ་ཡོངས་སུ་འདུས་པར་བྱས་ཡོད།

  • ལེ་ཚན་སྔོན་མ།:ཨོ་པཱ་མཱ་ཡིས་ཟླ་རྗེས་མར་མེ་མདའ་ལ་ཚོད་འཛིན་བྱེད་པའི་ཐབས་ཇུས་འདོན་རྒྱུ་ཁས་ལེན་བྱས་པ།
  • ལེ་ཚན་རྗེས་མ།:《མཐའ་མཇུག་གི་སྦྲ་ནག》ཅེས་པར་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།