མཚོ་སྔོན་བོད་ཡིག་གསར་འགྱུར། 2013-01-06
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།དུས་ཡུན་ཉིན2རིང་གི་ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་གྲོས་ཚོགས་ཚེས22ཉིན་པེ་ཅིན་ནས་མཇུག་གྲོལ།གྲོས་ཚོགས་སྟེང་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་པ་དང་། 2012ལོ་དང་འདས་པའི་ལོ་ངོ10རིང་གི་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་རྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་བྱས་ཤིང་། “ཞིང་གསུམ”བྱ་བར་འཕྲད་པའི་གནས་བབ་གསར་བ་དང་འགྲན་སློང་གསར་བར་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། གཙོ་བོར་དེང་རབས་ཞིང་ལས་མགྱོགས་མྱུར་ངང་གོང་དུ་སྤེལ་བ་དང་ཞིང་སྡེ་འཕེལ་རྒྱས་ཀྱི་སྐྱེ་སྟོབས་སྔར་བས་ཇེ་དྲག་ཏུ་གཏོང་བར་ཞིབ་འཇུག་བྱས།དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཞིང་ལས་དང་ཞིང་སྡེ་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས།
གྲོས་ཚོགས་སྟེང《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དེང་རབས་ཞིང་ལས་མགྱོགས་མྱུར་ངང་གོང་དུ་སྤེལ་བ་དང་ཞིང་སྡེ་འཕེལ་རྒྱས་ཀྱི་སྐྱེ་སྟོབས་སྔར་བས་ཇེ་དྲག་ཏུ་གཏོང་བའི་སྐོར་གྱི་བསམ་འཆར་འགའ(གྲོས་བསྡུར་མ་ཡིག)》ལ་གྲོས་བསྡུར་བྱས།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུན་ལི་གཞོན་པ་ཧོས་ལིང་ཡུས་གྲོས་ཚོགས་ནང་ཞུགས་ཤིང་གཏམ་བཤད།
གྲོས་ཚོགས་སྟེང་བསྟན་དོན། 2012ལོ་ནི་རྒྱལ་ཡོངས་ཀྱི་གོང་འོག་གིས་ཀྲུང་དབྱང་གི་ཇུས་ཆོད་དང་བཀོད་སྒྲིག་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་པ་དང་།ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་སྣ་ཚོགས་ཡོངས་སུ་གྲུབ་པ།འབྲུ་རིགས་ཐོན་ཚད“བསྟུད་མར་ལོ་དགུ་ལ་འཕར་བ”དང་ཞིང་པའི་ཡོང་སྒོ“ལོ་དགུ་རིང་མགྱོགས་མྱུར་ངང་འཕར་བ”མངོན་དུ་འགྱུར་བ། ཞིང་སྡེའི་དམངས་འཚོ་ལེགས་བཅོས་ཆེན་པོ་བྱུང་བ་བཅས་ནི། ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་ཚུན་གྱི“ཞིང་གསུམ”བསྟུད་མར་འཕེལ་རྒྱས་བྱུང་བ་དང་མགྱོགས་མྱུར་ངང་སྐུལ་འདེད་བཏང་བའི་གནས་ཚུལ་བཟང་བོ་རྒྱུན་བསྲིངས་པ་དེ་རེད།
གྲོས་ཚོགས་སྟེང་བསྟན་དོན། ཏང་གི་འཐུས་་་་་་་
མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་གི“ཞིང་གསུམ”འཕེལ་རྒྱས་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་དེ་ཡང་དག་པའི་ངང་ཡིད་ལ་དམ་པོར་འཛིན་དགོས།དེང་སྐབས།རང་རྒྱལ་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་གནད་འགག་ཞན་ས་སྔར་བཞིན་ཞིང་ལས་ཀྱི་དེང་རབས་ཅན་རྗེས་སུ་ལུས་པ་དང་།དཔལ་འབྱོར་དང་སྤྱི་ཚོགས་སྒྲིག་སྲོལ་ནང་གི་འབུར་ཐོན་འགལ་བ་དེ་སྔར་བཞིན་གྲོང་ཁྱེར་དང་གྲོང་གསེབ་རྒྱུ་གཉིས་སྒྲིག་སྲོལ་གྱི་འགག་རྐྱེན་ཡིན་པ་མངོན་གསལ་དུ་གྱུར་ལ།འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གོ་རིམ་ཁྲོད་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་དང་སྡོད་དམངས་ཀྱི་ཡོང་སྒོའི་ཧེ་བག་ཆེ་དྲག་པ་ནི་སྔར་བཞིན་འགལ་རྐྱེན་ཆེས་ཆེན་པོར་གྱུར་ཡོད།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།ཧུར་ཐག་གིས་ཞིང་ལས་ཐོན་སྐྱེད་ཀྱི་བདག་གཉེར་སྒྲིག་སྲོལ་དང་ནང་རྐྱེན་གསར་སྐྲུན་བྱ་དགོས།དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་ནང།ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་བཏོན་པའི་བླང་བྱ་ལྟར།ལེགས་བསྡུས་ཞིབ་གཉེར་ཅན་དང་ཆེད་ལས་ཅན།རྩ་འཛུགས་ཅན། སྤྱི་ཚོགས་ཅན་བཅས་ཕན་ཚུན་ཟུང་དུ་འབྲེལ་བའི་ཞིང་ལས་བདག་གཉེར་མ་ལག་གསར་བ་བསྐྲུན་དགོས།ཆེས་དམའ་བའི་ཚོད་འཛིན་ས་གཏན་སྲུང་བྱ་དགོས་པ་སྟེ། ཞིང་པའི་ས་ཞིང་འགན་གཙང་ལེན་དང་བདག་གཉེར་བྱེད་པའི་དབང་ཆ་འགན་སྲུང་གང་ལེགས་བྱ་དགོས་པ་ལས།ཞིང་པས་འགན་གཙང་ལེན་བྱས་པའི་ས་ཞིང་འཁོར་སྤྱོད་བྱེད་པར་ཚོད་འཛིན་བྱེད་མི་ཆོག་པ་དང་ཡང་ན་བཙན་ཤེད་ཀྱིས་འཁོར་སྤྱོད་བྱེད་དུ་འཇུག་མི་རུང་།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།གཅིག་གྱུར་འཆར་འགོད་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་གོང་དུ་སྤེལ་བའི་ནུས་ཤུགས་ཇེ་དྲག་ཏུ་གཏོང་དགོས།དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ནང་བྱེད་ཤུགས་སྔར་བས་ཇེ་དྲག་ཏུ་བཏང་ནས། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་དེ་ཞིང་སྡེར་ཕྱོགས་པར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ཀྱི་ཧེ་བག་ཇེ་ཆུང་དུ་གཏོང་དགོས། བཟོ་ལས་ཀྱིས་ཞིང་ལས་ལ་སྐུལ་འདེད་དང་གྲོང་ཁྱེར་གྱིས་ཞིང་སྡེར་སྐུལ་ཁྲིད།བཟོ་ལས་དང་ཞིང་ལས་ཕན་ཚུན་ཁེ་པ།གྲོང་ཁྱེར་དང་གྲོང་གསེབ་ཕུང་གཅིག་ཅན་དུ་འགྱུར་བ་བཅས་ཀྱི་བཟོ་ཞིང་འབྲེལ་བ་གསར་བ་ཆགས་སུ་འཇུག་དགོས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་འདེགས་ཆ་སྙོམས་ཅན་དུ་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་གཙོ་བོ་ཆ་སྙོམས་ཅན་དུ་གཏོང་བ།ཞིང་ལས་ནས་སྤོ་འགྱུར་བྱུང་བའི་མི་འབོར་གྲོང་ཁྱེར་པར་འགྱུར་བ་བཅས་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས།ཞིང་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཅི་ཐུབ་བྱ་དགོས།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། “ཡོང་སྒོ་ལྡབ་འཕར”འབྱུང་བའི་ཁྲོད་གཙོ་བོར་ཞིང་པའི་ཡོང་སྒོ་འཕར་སྣོན་བྱ་དགོས།ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ནང།ཞིང་པའི་ཡོང་སྒོ་ཉུང་མཐར་ཡང་གྲོང་རྡལ་སྡོད་དམངས་ཀྱི་ཡོང་སྒོ་དང་མཉམ་དུ་འཕར་སྣོན་བྱ་དགོས་པར་མ་ཟད།དེ་ལས་བརྒལ་བ་བརྩོན་ལེན་བྱ་དགོས།འཐབ་ཇུས་ཀྱི་སྟེང་ནས་ཕྱོགས་བསྡུས་ཀྱི་བྱེད་ཐབས་ཞིབ་འཇུག་བྱེད་པ་དང་།་ཁོར་ཡུག་གི་ཆ་རྐྱེན་བཟང་བོ་ཞིག་བསྐྲུན་ནས།མུ་མཐུད་དུ་ལས་ཞུགས་ཐབས་ལམ་གསར་སྐྲུན་དང་ཡོང་སྒོ་འཕར་བའི་ཐབས་ལམ་རྒྱ་བསྐྱེད་དགོས།
གྲོས་ཚོགས་སྟེང་བསྟན་དོན།སང་ལོ་ནི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པའི་མགོ་རྩོམ་པའི་ལོ་ཞིག་ཡིན་པས། མུ་མཐུད་དུ“ཞིང་གསུམ”གྱི་བྱ་བ་འགྲུབ་པར་དམིགས་བསལ་ཅན་གྱི་དོན་སྙིང་གལ་ཆེན་ལྡན་པ་རེད། སང་ལོའི་ཞིང་ལས་དང་ཞིང་སྡེ་བྱ་བའི་དམིགས་འབེན་དང་ལས་འགན་ནི“མཁོ་སྤྲོད་འགན་སྲུང་དང་ཡོང་སྒོ་འཕར་དུ་བཅུག་ནས་དམངས་འཚོར་ཁེ་ཕན་ཐོབ་པ་དང་། བཅོས་བསྒྱུར་་་་་་
གསར་སྐྲུན་བྱེད་པའི་ཐད་སྐྱེ་སྟོབས་གསར་བ་སྣོན་དགོས་པ་དེ་རེད།” འདི་ལྟར་བྱ་བའི་དམིགས་ཡུལ་ནི་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གཙོ་བོར་ལོ་ལེགས་འབྱུང་བར་ཁག་ཐེག་དང་ཞིང་པའི་ཡོང་སྒོ་འཕར་བར་ཁག་ཐེག་བྱ་རྒྱུ་དེ་རེད། མུ་མཐུད་དུ་ཞིང་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱས་ཏེ།ཞིང་ལས་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་སྒྲིག་སྲོལ་གྱི་བཀག་རྐྱེན་སེལ་བ་དང་ཞིང་སྡེ་གོང་དུ་སྤེལ་བའི་སྐྱེ་སྟོབས་སྔར་བས་སྐུལ་མ་གཏོང་དགོས།
གྲོས་ཚོགས་སྟེང་བསྟན་དོན།སང་ལོར་གཤམ་གྱི་བྱ་བ་ལེགས་སྒྲུབ་བྱ་དགོས་པ་སྟེ།
(གཅིག)མུ་མཐུད་དུ་ཞིང་ལས་ཐོན་སྐྱེད་ནན་འཛིན་བྱེད་པ་དང་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་བརྟན་བརླིང་ངང་གོང་དུ་སྤེལ་བ།ཞིང་ཁའི་ཆུ་བེད་གཙོ་བོ་ཡིན་པའི་ཞིང་ལས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་པ།ཞིང་ལས་ལ་ཚན་རྩལ་གྱིས་རྒྱབ་སྐྱོར་བྱེད་པ་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ།ཚོང་ར་ཡིས་ཞིང་ལས་ཐོན་སྐྱེད་ལ་ཐེབས་པའི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།
(གཉིས།)མུ་མཐུད་དུ་ཞིང་སྡེའི་སྤྱི་པའི་ལས་དོན་གོང་དུ་སྤེལ་ནས།ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཞིང་སྡེའི་སྤྱི་ཚོགས་ལས་དོན་གོང་དུ་འཕེལ་བར་ཤུགས་སྣོན་དགོས།
(གསུམ།)མུ་མཐུད་དུ་ཞིང་སྡེའི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་ཧུར་ཐག་གིས་ཞིང་ལས་ཀྱི་ཐོན་སྐྱེད་དང་བདག་གཉེར་སྒྲིག་སྲོལ་གསར་དུ་སྐྲུན་པ།ཐུན་མོང་གི་ཐོན་དབང་ལམ་ལུགས་བཅོས་བསྒྱུར་བྱེད་པ་བརྟན་བརླིང་ངང་སྤེལ་བ་དང་།བཅོས་བསྒྱུར་གཞན་པ་སྣ་ཚོགས་མགྱོགས་མྱུར་ངང་སྤེལ་དགོས།
(བཞི།)མུ་མཐུད་དུ་ཞིང་སྡེའི་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་དུ་བསྐྲུན་ཏེ།ཏང་རྩ་འཛུགས་སྲོག་ཤིང་ཡིན་པའི་ཞིང་སྡེའི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་ཞིང་སྡེའི་གཞི་རིམ་གྱི་དམངས་གཙོའི་དོ་དམ་ཇེ་དྲག་ཏུ་གཏོང་བ།ཞིང་སྡེའི་སྤྱི་ཚོགས་ཀྱི་སྤྱི་པའི་བདེ་འཇགས་སྔར་ལས་འགན་སྲུང་བཅས་བྱ་དགོས།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10