རྒྱལ་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་གི་གྲོས་ཚོགས་པེ་ཅིན་ནས་ཚོགས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-01-06

རྒྱལ་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་གི་གྲོས་ཚོགས་པེ་ཅིན་ནས་ཚོགས་པ།

  2013ལོའི་ཟླ1པོའི་ཚེས4ཉིན། རྒྱལ་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་གི་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡོན་ཧྲན་ཚོགས་འདུར་ཞུགས་ནས་གསུངས་བཤད་གནང་།

རྒྱལ་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་གི་གྲོས་ཚོགས་པེ་ཅིན་ནས་ཚོགས་པ།


  2013ལོའི་ཟླ1པོའི་ཚེས4ཉིན། རྒྱལ་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་གི་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡོན་ཧྲན་ཚོགས་འདུར་ཞུགས་ནས་གསུངས་བཤད་གནང་། པར་འདི་ནི་ལིག་ཡོན་ཧྲན་གྱིས་ཚོགས་འདུར་ཞུགས་པའི་འཐུས་མི་རྣམས་ལ་བརྩེ་བའི་ཕྱག་འཇུ་གནང་བའི་ཚུལ་རེད།  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2013ལོའི་ཟླ1པོའི་ཚེས4ཉིན། རྒྱལ་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་གི་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡོན་ཧྲན་ཚོགས་འདུར་ཞུགས་ནས་གསུངས་བཤད་གནང་། ཁོང་གིས་དྲིལ་སྒྲོག་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་ཞིང་ཁྱོན་ཡོངས་ལ་དམིགས་པ་དང་། མི་དམངས་ལ་ཞབས་ཕྱི་སྒྲུབ་པ། བཅོས་སྒྱུར་གསར་སྐྲུན་བཅས་ཀྱི་སྤྱིའི་རེ་བ་ལྟར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་བཅས་བྱེད་རྒྱུ་གཙོ་བོར་བཟུང་སྟེ། བརྟན་འཇགས་ཁྲོད་དུ་འཕེལ་རྒྱས་བརྩོན་ལེན་དང་གསར་གཏོད་གསར་སྐྲུན། མགོ་ཚུགས་པའི་བྱ་བ་བཟང་བོར་སྒྲུབ་པ་དང་། དོན་དངོས་དང་འཚོ་བ། མང་ཚོགས་བཅས་དང་དམ་དུ་འབྲེལ་བ་དང་། དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བ་ནན་ཏན་སྒོས་བསྒྲུབ་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཐད་ནས་རྒྱལ་ཁ་གསར་བ་ལེན་པར་སྟོབས་དང་ལྡན་པའི་བསམ་བློ་རིག་གནས་ཀྱི་ནུས་ཤུགས་འདོན་སྤེལ་བྱེད་དགོས་ཞེས་ནན་གྱིས་བསྟན།  ལིག་ཡོན་ཧྲན་གྱིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བར་སྔར་ལས་མཐོ་བའི་རེ་བ་གསར་བ་བཏོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ལ་སྣེ་ཁྲིད་བྱས་ཏེ་བགྲོད་ལམ་དང་རིགས་གཞུང་། ལམ་ལུགས་བཅས་ཐད་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་སྟེང་དུ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་འཛུགས་སྐྲུན་བྱེད་པ་དང་། བླ་མེད་ཕུགས་འདུན་དང་རེ་སྙེག་ལ་བརྩོན་ལེན་བྱེད་པ་དང་རླབས་ཆེ་བའི་མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་བྱས་ནས། དཔལ་ཡོན་སྤྱི་ཚོགས་ཀྱི་དར་སྲོལ་བཟང་བོ་གསོ་སྐྱོང་བྱེད་དགོས་ཟེར།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཆི་པའོ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་དྲིལ་སྒྲོག་བྱ་བ་བཀོད་སྒྲིག་བྱས། ཁོས་བཤད་རྒྱུར། དྲིལ་སྒྲོག་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་བཅས་བྱེད་རྒྱུ་གཙོ་བོར་བཟུང་སྟེ། ཕྱི་ཕྱོགས་དྲིལ་སྒྲོག་དང་རིག་གནས་བརྗེ་རེས་ལ་ཤུགས་སྣོན་པ་དང་རྒྱལ་སྤྱིའི་བརྒྱུད་སྒྲོག་ནུས་པའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། སྐྱོན་བྲལ་ཡར་ཐོན་གྱི་དྲ་ཚིགས་རིག་གནས་འཕེལ་རྒྱས་སུ་གཏོང་དགོས་པ་དང་། སྤྱོད་ཚུལ་ལེགས་སྒྱུར་དང་དར་སྲོལ་བཟང་བོ་རྒྱུན་འཁྱོངས་བྱས་ནས་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བ་ཚན་རིག་ཅན་དུ་བསྒྱུར་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཟེར།  །

 
  • ལེ་ཚན་སྔོན་མ།:2013ལོའི་མཚོ་སྔོན་དམངས་འཚོའི་གསར་འགྱུར་འཕེལ་རྒྱས་གླེང་སྟེགས་ཟི་ལིང་ནས་བསྡུས་པ།
  • ལེ་ཚན་རྗེས་མ།:སློབ་གྲྭའི་རྒྱལ་སྤྱིའི་རིག་གནས་དུས་ཆེན་འཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།