ཞའོ་ཡན། མཚོ་སྔོན་གསར་འགྱུར་དྲ་བ། 2013-01-05
2013ལོའི་མཚོ་སྔོན་དམངས་འཚོའི་གསར་འགྱུར་འཕེལ་རྒྱས་གླེང་སྟེགས་ཟླ་དང་པོའི་ཚེས་བཞི་ཉིན་ཟི་ལིང་ནས་བསྡུས་པ།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གཉིས་ཀྱིས་གཙོ་བསྒྲུབས་བྱས་པ་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དཔལ་འབྱོར་འཚོ་བའི་འཕྲིན་ལམ་གྱིས་བསྒྲུབས་འགན་འཁུར་བའི2013ལོའི་མཚོ་སྔོན་དམངས་འཚོའི་གསར་འགྱུར་འཕེལ་རྒྱས་གླེང་སྟེགས་དེ་ཟླ་དང་པོའི་ཚེས་བཞི་ཉིན་ཟི་ལིང་ནས་བསྡུས།རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་གློག་བརྙན་སྤྱི་ཁྱབ་ཅུའུ་དྲིལ་སྒྲོག་དོ་དམ་ཟིའི་ཟི་ཀྲང་གཞོན་པ་ལིས་ཙུང་ཏ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་མེས་དབྱི། ཀྲུང་གོ་སྤྱི་ཚོགས་ཚན་རིག་སློབ་གླིང་གསར་འགྱུར་སྒྲོག་སྤེལ་ཞིབ་འཇུག་ཁང་གི་ཆེད་མཁས་པ་དང་རིག་གནས་པ། ཧྲན་ཞི་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཅང་སུའུ་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་ཞིང་ཆེན་གཞན་པའི་བརྙན་འཕྲིན་ཁང་གི་དམངས་འཚོའི་གསར་འགྱུར་ལེ་ཚན་གྱི་དོ་དམ་པ་དང་ཀྲུང་གོ་བརྙན་འཕྲིན་སྒྱུ་རྩལ་བརྗེ་རེས་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་གསར་འགོད་པའི་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་གྱི་ས་གནས་སོ་སོའི་བརྙན་འཕྲིན་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་པ་གླེང་སྟེགས་སུ་ཞུགས།ཐེངས་འདིའི་གླེང་སྟེགས་ཀྱི་དམིགས་ཡུལ་ནི་བརྙན་འཕྲིན་གྱི་དམངས་འཚོའི་གསར་འགྱུར་ལེ་ཚན་གསར་བསྐྲུན་བྱེད་ཐབས་དང་གོ་རིམ་རྗེས་མའི་འཕེལ་རྒྱས་ཐབས་ལམ་འཚོལ་ཞིབ་བྱེད་རྒྱུ་དེ་རེད། ཚོགས་ཞུགས་མི་སྣ་རྣམས་ཀྱིས་གླེང་སྟེགས་སུ་ཞུགས་པའི་ཆེད་མཁས་པ་དང་རིག་གནས་པ་རྣམས་ཀྱི་ནང་དོན་ཕུན་སུམ་ཚོགས་པའི་གཏམ་བཤད་ལ་ཉན་རྗེས་ཚང་མས་དམངས་འཚོའི་གསར་འགྱུར་ལེ་ཚན་ཇི་ལྟར་བསྒྲུབ་པའི་ཐད་ལ་སློབ་སྦྱོང་དང་ཉམས་མྱོང་བརྗེ་རེས་བྱས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10