རྒྱ་མཚོ་རྟགས་ཅན་གྱི་སློབ་ཆེན་སློབ་མའི་རྩོམ་ཡིག་འགྲན་སྡུར་བདེ་བླག་ངང་སྤེལ་བ།

    མཚོ་སྔོན་པོ་དྲ་བ།    2012-12-17

རྒྱ་མཚོ་རྟགས་ཅན་གྱི་སློབ་ཆེན་སློབ་མའི་རྩོམ་ཡིག་འགྲན་སྡུར་བདེ་བླག་ངང་སྤེལ་བ།

བདམས་ཐོན་བྱུང་བའི་སློབ་གྲོགས་རྣམས་ཡུལ་དངོས་ཀྱི་རྩོམ་ཡིག་འགྲན་སྡུར་ལ་ཞུགས་བཞིན་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཉེ་སྔོན། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གིས་རྒྱ་མཚོ་རྟགས་ཅན་གྱི་སློབ་ཆེན་སློབ་མའི་རྩོམ་ཡིག་འགྲན་སྡུར་སྤེལ་བ་དང་། ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་ནི་སློབ་གླིང་དེས་སློབ་མའི་སློབ་གསེང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་དང་རྩོམ་འབྲིའི་ནུས་པ་སྐྱེད་སྲིང༌། གསར་རྩོམ་གྱི་ལས་ལ་གཞོལ་བའི་སློབ་བུ་དག་ལ་རྩོམ་རིག་གི་ཁ་དབུགས་གསར་བ་ཞིག་བསྐྲུན་ཆེད། ཟི་ལིང་རྒྱ་མཚོ་བརྡ་འཕྲིན་གློག་རྡུལ་ཚད་ལྡན་ཀུང་ཟིས་མ་དངུལ་གྱི་མཐུན་རྐྱེན་སྦྱར་ཐོག བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གིས་གཙོ་སྒྲུབ་བྱས་ཏེ་སྤེལ་བ་ཞིག་ཡིན། དེར་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་འཛིན་གྲྭ་རེར་འགྲན་ཞུགས་པ་གཉིས་རེ་དང་མི་རིགས་སློབ་གླིང་གི་སྡེ་ཁག་གཞན་པའི་འཛིན་གྲྭ་རེ་ནས་འགྲན་ཞུགས་པ་གཅིག་རེ་བཅས་བདམས་པ་དང་། སྡེ་ཁག་མི་གཅིག་པ་དང་སློབ་གླིང་མི་གཅིག་པའི་སློབ་གྲོགས་ཉེར་ལྔ་ཐེངས་འདིའི་འགྲན་སྡུར་ལ་ཞུགས།
  དུས་ཚོད་གཉིས་ཀྱི་ཡུལ་དངོས་འགྲན་སྡུར་རྗེས་སུ་དཔྱད་འདེམས་པས་དཔྱད་འདེམས་བྱས་མཐར་སློབ་གྲོགས11ལ་ཐེངས་འདིའི་རྒྱ་མཚོ་རྟགས་ཅན་གྱི་སློབ་ཆེན་སློབ་མའི་རྩོམ་ཡིག་འགྲན་སྡུར་གྱི་བྱ་དགའ་ཐོབ། ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་གྱི་བྱ་དགའི་རིམ་པ་ནི་ཨང་དང་པོ་གཅིག བྱ་དགའ་སྒོར1500ཅན་གྱི་ལག་ཁྱེར་ཁ་པར་གཅིག ཨང་གཉིས་པ་གཉིས། བྱ་དགའ་སྒོར1100ཅན་གྱི་ལག་ཁྱེར་ཁ་པར་གཅིག ཨང་གསུམ་པ་གསུམ། བྱ་དགའ་སྒོར500ཡས་མས་ཀྱི་དཔེ་ཆ། ཕུལ་བྱུང་བྱ་དགའ་ལྔ། བྱ་དགའ་སྒོར100ཡས་མས་ཀྱི་དཔེ་ཆ། ཕུལ་བྱུང་རྩོམ་སྒྲིག་པ་གཅིག བྱ་དགའ་སྒོར1500ཅན་གྱི་ལག་ཁྱེར་ཁ་པར་གཅིག་བཅས་སློབ་གྲོགས12བདམས་ཐོན་བྱུང་།

རྒྱ་མཚོ་རྟགས་ཅན་གྱི་སློབ་ཆེན་སློབ་མའི་རྩོམ་ཡིག་འགྲན་སྡུར་བདེ་བླག་ངང་སྤེལ་བ།
དཔྱད་འདེམས་པས་རྩོམ་ཡིག་འདེམས་བཞིན་པ།

རྒྱ་མཚོ་རྟགས་ཅན་གྱི་སློབ་ཆེན་སློབ་མའི་རྩོམ་ཡིག་འགྲན་སྡུར་བདེ་བླག་ངང་སྤེལ་བ།
བྱ་དགའ་ཐོབ་པའི་སློབ་གྲོགས་དག་གི་མཉམ་པར།  །

 
  • ལེ་ཚན་སྔོན་མ།:ཟི་ལིང་ནས་བོད་རིག་པའི་བགྲོ་གླེང་ཚོགས་འདུ་བསྡུས་པ།
  • ལེ་ཚན་རྗེས་མ།:ཀྲུང་གོ་རྒྱལ་སྤྱིའི་དྲ་བའི་རིག་གནས་འགྲེམས་སྟོན་པེ་ཅིན་དུ་འཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།