ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ། 2012-12-10
རིག་གནས་པུའི་པུའུ་ཀྲང་ཚའེ་ཝུས་རང་རྒྱལ་གྱི་རིག་གནས་དང་བླངས་ཞབས་ཞུའི་ཐད་འཚོལ་ཞིབ་ལག་ལེན་ལོ10ལྷག་བྱས་པར་ཡར་རྒྱས་ཆེན་པོ་བྱུང་ནས་རིག་གནས་དང་བླངས་ཞབས་ཞུའི་དྲ་བ་འཛུགས་པ་དང་། ཚད་ལྡན་དོ་དམ་བྱེད་པ།གཞི་རྟེན་གསར་གཏོད་བྱེད་པ། སྤུས་རྟགས་གཏོད་པ་སོགས་ཐད་ཉམས་མྱོང་རྩ་ཆེན་བསགས་ཡོད། བསྡོམས་རྩིས་རགས་ཙམ་ལ་གཞིགས་ན། ད་ཆ་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)12དང་། ས་གནས་རིམ་པའི་གྲོང་ཁྱེར80ཙམ། རྫོང(གྲོང་ཁྱེར་དང་ཆུས)500ལྷག་བཅས་ལ་རིག་གནས་དང་བླངས་ཞབས་ཞུའི་རྩ་འཛུགས་དང་རིག་གནས་དང་བླངས་ཞབས་ཞུའི་ཚོགས་པ2000ལྷག་བཙུགས་པ་དང་། ཐོ་བཀོད་དང་བླངས་ཞབས་ཞུ་བ་ཁྲི30ལས་བརྒལ་བས་རིག་གནས་འཛུགས་སྐྱོང་ལ་སྐུལ་མ་གཏོང་བའི་རྗེས་སྣོན་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10