ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ། 2012-12-10
སྙན་སྒྲོན་ནང་། 2012ལོའི་ཟླ1པོ་ནས་ཟླ11པའི་བར་རང་རྒྱལ་གྱིས་མགོ་སྐོར་གཏོང་མཁན་དྲ་བ24535གཏན་འཁེལ་དང་ཐག་གཅོད་བྱས་པ་དེ་ན་ནིང་དུས་མཚུངས་ལས33%ཙམ་ཆག་པ་དང་དེ་དག་རིན་སྤྲོད་ཉོ་ཚོང་དང་། དངུལ་རྩའི་འཛིན་ལོར། སྨྱན་སྦྱོར་བརྒྱུད་གཏོང་བཅས་མདུན་གྲལ་ལས་རིགས་གསུམ་ལ་ཁྱབ་པ་ལས་རིན་སྤྲོད་ཉོ་ཚོང་གིས་བཅུ་ཆ་བདུན་བཟུང་ཡོད།
ཀྲུང་གོའི་དྲ་སྦྲེལ་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཆི་ལིན་གྱིས་མགོ་སྐོར་གཏོང་མཁན་དྲ་བ་ནི་ཞུགས་མཁན་མང་བ་དང་རིན་ཡོད་བཀོལ་སྤྱོད་ཀྱི་དྲ་བའམ་དྲ་ཤོག་ཐོག་གཙོ་བོ་འདུས་ཡོད། མགོ་སྐོར་གཏོང་ཐབས་ནི་དེ་སྔའི་ཁོངས་མིར་དཔེ་བལྟ་བའི་མིང་ཐོག་ནས་ཡིག་ཕྲེང་རབ་དང་རིམ་པའི་ནང་བཅུག་སྟབས་མགོ་སྐོར་ཐེབས་ཧ་ཅང་སླ་བས་དྲ་དམངས་ཀྱིས་དོགས་ཟོག་ཆེན་པོ་བྱས་ནས་དབྱེ་འབྱེད་ཐུབ་པ་དགོས་ཞེས་བཤད།
སྙན་ཞུའི་ནང་། དུས་ཆེན་དང་ངལ་གསོའི་དུས་སུ་མགོ་སྐོར་ཐེབས་ཆེ་བ་ཡོད།“ལྔ་གཅིག”དང“རྒྱལ་སྟོན”དང་དེ་བཞིན་དཔྱིད་གསར་དུས་ཆེན་སྐབས་དྲ་བའི་ཐོག་ནས་ཉོ་སྒྲུབ་དང་། ཡུལ་སྐོར། འཛིན་ཉོ་སོགས་བྱེད་པའི་གྲངས་འབོར་ཆེ་བས་མགོ་སྐོར་གཏོང་མཁན་དྲ་བས་གོ་སྐབས་འཚོལ་བ་དང་སྦྲགས་དཔོད་ཆུང་སོགས་ལས་སྟེགས་བརྒྱུད་མགོ་སྐོར་གཏོང་གི་ཡོད་པ་བསྟན་ཡོད། ཆི་ལིན་གྱིས་དྲ་དམངས་ཀྱིས་རྒྱན་ཤོག་དང་བྱ་དགའི་རིགས་ཀྱི་ཆ་འཕྲིན་ལ་ལྷག་པར་དུ་དོགས་ཟོན་བྱེད་དགོས་པ་དང་། དྲ་སྦྲེལ་ཆ་འཕྲིན་ལྟེ་གནས་ཀྱིས་དེ་དག་ཐག་གཅོད་མགྱོགས་མྱུར་བྱ་རྒྱུ་མ་ཟད་མགོ་སྐོར་གཏོང་མཁན་དེ་རིགས་མེད་པ་བཟོ་གང་ཐུབ་བྱ་རྒྱུ་ཡིན་ཞེས་བཤད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10