ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ཐོག་ནས་སྒྱུར་བཅོས་ཀྱི་ཁ་ཕྱོགས་གསར་པར་ལྟ་བ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།    2012-11-14

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ནང་ཐོག་མཐའ་བར་གསུམ་དུ་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་དེ་རྒྱལ་སྐྱོང་སྲིད་སྐྱོང་གི་ལྷུ་ཚིག་ཁག་ནང་གི་ནང་དུ་ཁྱབ་པ་བྱེད་དགོས་ཞེས་བཏོན་ཡོད་པ་མ་ཟད། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིག་གི་སྒྱུར་བཅོས་ཐད་བཀོད་སྒྲིག་བྱས་ཡོད་པ་དང་། སྒྱུར་བཅོས་གསར་གཏོད་ཀྱི་རྣམ་པས་ཁེངས་པའི་སྙན་ཞུ་དེའི་ནང་། སྒྱུར་བཅོས་ཀྱི་ཁ་ཕྱོགས་གསར་པ་མང་པོ་གསལ་སྟོན་བྱས་ཡོད་པ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ནང་། སྲིད་འཛིན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་བྱེད་པའི་སྐོར་རྒྱས་བཤད་བྱེད་སྐབས། ལས་ཁུངས་ཀྱི་སྒྲིག་ཁོངས་ཚོད་འཛིན་བྱེད་པ་དང་། འགོ་ཁྲིད་ཀྱི་ལས་གནས་ཉུང་དུ་གཏོང་བ། སྲིད་འཛིན་མ་གནས་དམའ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་གསལ་པོ་བཏོན་ཡོད་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི། ཀོང་ཏུང་ཞིང་ཆེན་ཧྥུ་ཧྲན་གྲོང་ཁྱེར་ཧྲུན་ཏ་ཁུལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལེང་ཝེ་ཏུང་གིས། འགོ་ཁྲིད་ལས་གནས་ཉུང་དུ་བཏང་ན། སྲིད་འཛིན་མ་གནས་དམའ་རུ་གཏོང་ཐུབ་པ་མ་ཟད། སྲིད་འཛིན་ལས་ཆོད་མཐོ་རུ་གཏོང་ཐུབ་པ་དང་། སྲིད་གཞུང་དེ་བས་ཡག་པའི་སྒོ་ནས་ཞབས་ཞུའི་རང་བཞིན་ལ་བརྗེ་སྒྱུར་བྱེད་པའི་དོན་དངོས་ཀྱི་བླང་བྱ་ཞིག་ཡིན་པའི་ངོས་འཛིན་གནང་གི་ཡོད་པ་དང་། ཁོང་གིས་ཡིན་ནའང་། ཉམས་མྱོང་ལས་ར་སྤྲོད་བྱུང་བར། ལས་གནས་ཉུང་དུ་བཏང་རྗེས་རྟག་ཏུ་ཉུང་དུ་ཕྱིན་རྗེས་སླར་ཡང་མང་དུ་འགྲོ་བའི་གནས་ཚུལ་ཐོན་སླ་པོ་ཡོད་པས། དེའི་ཐད་ཞིབ་བཤེར་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། སྒྱུར་བཅོས་གྲུབ་འབྲས་འགན་ལེན་ཐུབ་པ་བྱེད་དགོས་ཞེས་གསུངས་ཀྱི་ཡོད་པ་རེད།

རྒྱལ་ཁབ་མི་འབོར་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་སྡོམ་རྩིས་བྱས་པར་གཞིགས་ན། ན་ནིང་རང་རྒྱལ་གྱི་ཕྱོགས་འགྲོའི་མི་འབོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ཙམ་ཟིན་གྱི་ཡོད་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི། ཞིང་པ་ལས་མི་ཧོང་ཀང་གིས། ཕྱི་ཕྱོགས་ནས་ཡོང་བའི་ལས་མི་ས་གནས་དེ་གར་འཚོ་སྡོད་བྱེད་ཐུབ་པའི་གནད་དོན་ཐག་གཅོད་བྱེད་པའི་འགག་རྩ་ནི། སློབ་གསོ་དང་། ལས་ཞུགས། སྨན་བཅོས་སོགས་ཁེ་དབང་འདྲ་མཉམ་ཅན་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ཡིན། དེ་དག་ནི་ཐེམ་ཐོའི་ལམ་ལུགས་དང་འབྲེལ་བ་ཟབ་མོ་ཡོད། སྙན་ཞུའི་ནང་བཏོན་པའི་བླངས་བྱ་དེས། རྒྱ་ཆེའི་ཞིང་པ་ལས་མི་དང་ལྷག་པར་དུ་མི་རབས་གསར་པའི་ཞིང་པ་ལས་མི་ཚོར་རེ་བ་མཐོང་ཐུབ་ཡོད་ཅེས་གསུངས་ཀྱི་ཡོད་པ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ནང་། ས་ཆ་བསྡུ་བའི་ལམ་ལུགས་སྒྱུར་བཅོས་བྱས་ནས། ས་ཆའི་རིན་ཐང་འཕར་བའི་ཕན་འབྲས་ཁྲོད་ཞིང་པར་ཁག་བགོས་བྱེད་པའི་བསྡུར་གྲངས་མཐོ་རུ་གཏོང་དགོས་ཞེས་བཏོན་ཡོད། ཉེ་བའི་ལོ་ཤས་ནང་། བཟོ་ལས་ཅན་དང་། གྲོང་ཁྱེར་དང་གྲོང་བརྡལ་ཅན་ལ་སྐུལ་འདེད་བཏང་བ་དང་བསྟུན། ས་ཆ་བསྡུ་བའི་ཐད་ཞིང་པའི་ཁེ་ཕན་ལ་བཙན་གནོད་བྱས་པའི་རྐྱེན་གྱིས་སྤྱི་ཚོགས་འགན་ཟླ་ཐོན་པའི་སྣང་ཚུལ་ཡང་སེ་ཐོན་གྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི། ཀྲེ་ཅང་ཞིང་ཆེན་ཨན་ཅི་རྫོང་གྱི་ཞིང་པ་སོང་ཁྲང་མེས། རྒྱ་ཆེའི་ཞིང་པ་ཚོས་སྲིད་ཇུས་དེར་རེ་སྒུག་བྱེད་ཀྱི་ཡོད་པ་དང་། གང་མགྱོགས་ཚད་གཞི་བཟོས་ནས། དེ་བས་ཡག་པའི་སྒོ་ནས་ཞིང་པའི་ཁེ་དབང་ལ་སྲུང་སྐྱོབ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུར་ལྟ་སྐབས། འདྲ་མཉམ་ཞེས་པའི་ཚིག་དེ་ཡང་སེ་ཐོན་ཡོད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི། ཧྲང་ཧའེ་གྲོང་ཁྱེར་སོང་ཅང་ཁུལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧྲེང་ཡ་ཧྥེ་ཡིས། སྙན་ཞུའི་ནང་བཏོན་པའི་དམངས་འཚོའི་སྲིད་ཇུས་དེ་དག་བཀོད་སྒྲིག་བྱེད་པ་དེས། དེ་བས་འདྲ་མཉམ་གྱི་ཐོག་ནས་མི་དམངས་ཡོངས་ལ་དེ་བས་མང་བའི་ཕན་པ་སྐྲུན་ངེས་ཡིན་ཞེས་གསུངས་ཡོད་པ་རེད། །

  • ལེ་ཚན་སྔོན་མ།:ཏང་གི་ཚོགས་ཆེན་ཐེངས18པའི་འཐུས་མི་ཉི་མ་ལྷ་མོས་ཡུན་ནན་དྲ་བའི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས
  • ལེ་ཚན་རྗེས་མ།:ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས་པའི《བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན》།
  • དོ་སྣང་ཆེ་བའི་རྩོམ།