ཏང་གི་ཚོགས་ཆེན་ཐེངས18པའི་འཐུས་མི་ཉི་མ་ལྷ་མོས་ཡུན་ནན་དྲ་བའི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས

ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོ་བོད་ཀྱི་དྲ་བ།    2012-11-14

 ཡུན་ནན་དྲ་བའི་གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་ཡུན་ལིན་ཤང་སྦྲག་སྲིད་ཁང་ནས་ཐོན་པའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས18པའི་འཐུས་མི་ཉི་མ་ལྷ་མོར་བཅར་འདྲི་བྱས་པ་དང་།  ཁོ་མོས་དྲ་རྒྱ་བརྒྱུད་དེ་རང་ཉིད་ཀྱི་ལྟ་ཚུལ་བརྗོད་པ་རེད། 

ཏང་གི་ཚོགས་ཆེན་ཐེངས18པའི་འཐུས་མི་ཉི་མ་ལྷ་མོས་ཡུན་ནན་དྲ་བའི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས
ཉི་མ་ལྷ་མོ། 

བདེ་ཆེན་བོད་རང་སྐྱོང་ཁུལ་བདེ་ཆེན་རྫོང་ཡུན་ལིན་ཤང་སྦྲག་སྲིད་ཁང་ནས་ཐོན་པའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས18པའི་འཐུས་མི་ཉི་མ་ལྷ་མོས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་དུས་བཤད་རྒྱུར།  ད་ལྟ་ང་ཚོའི་ཕ་ཡུལ་གྱི་རང་བྱུང་སྡེ་བ་མང་ཆེ་ཤོས་ལ་གཞུང་ལམ་འཛུགས་སྐྲུན་བྱས་ཡོད་པ་དང་།  ཁྱིམ་ཚང་རེ་རེར་ཁ་པར་འཐེན་ཡོད། 

ཁོ་མོས་བཤད་རྒྱུར།  འགྲིམ་འགྲུལ་དང་བརྡ་འཕྲིན་སོགས་རྨང་གཞིའི་སྒྲིག་ཆས་ལེགས་བསྒྱུར་བྱས་པ་དང་བསྟུན།  དྲ་སྟེང་ནས་འཛད་སྤྱོད་བྱེད་པ་ནི་སྡེ་མི་ཚོས་དངོས་པོ་ཉོ་སྒྲུབ་བྱེད་སྟངས་ཤིག་ཏུ་གྱུར་ཡོད།  ང་ཚོ་ཤང་གི་ལས་ཁུངས་སོ་སོ་དང་།  སྲིད་འཛིན་སྡེ་བ་སོ་སོ་རུ་དྲ་རྒྱ་འཐེན་ཡོད་ལ།  ཚང་མས་དྲ་སྟེང་ནས་གྱོན་ཆས་དང་།  མཛེས་སྤྲས་ཐོན་རྫས།  ལག་འཁྱེར་ཁ་པར་སོགས་ཉོ་སྒྲུབ་བྱེད་བཞིན་ཡོད།  །

  • ལེ་ཚན་སྔོན་མ།:བོད་ཀྱི་འཐུས་མི་ཚོགས་པས་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ།
  • ལེ་ཚན་རྗེས་མ།:ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ཐོག་ནས་སྒྱུར་བཅོས་ཀྱི་ཁ་ཕྱོགས་གསར་པར་ལྟ་བ།
  • དོ་སྣང་ཆེ་བའི་རྩོམ།