
སྐྱབས་ཆེན་བདེ་གྲོལ་གྱི་སྙན་དེབ《མི་རྟག་པ》འགྲེམ་སྤེལ་བྱས།
ཉེ་ལམ། སྐྱབས་ཆེན་བདེ་གྲོལ་གྱི་སྙན་དེབ《མི་རྟག་པ》ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས། རྩོམ་པ་པོ་སྐྱབས་ཆེན་བདེ་གྲོལ་ནི་གདན་ཞུ་རྩོམ་སྒྲིག་པ་བྱས་ཏེ་དཔེ་དེབ་རྩོམ་སྒྲིག་དང་ཞུ་དག པར་གཞི་སྒྲིག་བཀོད། འགྲེམ་ཚོང་སོགས་ཀྱི་འགན་ལྕོགས་ཀྱི་ཡོད་ལ། བོད་པའི་ན་གཞོན་སྙན་ངག་པ་ཞིག་ཀྱང་ཡིན།
དེབ་གསར་འདི་ས་གནས་སོ་སོའི་ཞིན་ཧྭ་དཔེ་ཁང་དུ་བཙོང་རྒྱུ་ཡོད་ཅིང་། བོད་ཡིག་གི་དཔེ་ཁང་དཀོན་པའི་ས་ཁུལ་དག་གི་བོད་རིགས་སྤུན་ཟླ་དག་ལ་ཆེད་དམིགས་ཀྱིས་སྙན་དེབ་སྦྲག་ཁང་བརྒྱུད་མངག་ཉོ་བྱས་ཆོག་པ་ཡིན། དེབ་རིན་སྒོར22ཡིན།