དགེ་རྒན་དགེ་འདུན་རྒྱ་མཚོས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་འཆད་ཁྲིད་གནང་།

    མཚོ་སྔོན་པོ་དྲ་བ།    2012-12-04

དགེ་རྒན་དགེ་འདུན་རྒྱ་མཚོས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་འཆད་ཁྲིད་གནང་།
དགེ་རྒན་དགེ་འདུན་རྒྱ་མཚོ་མཆོག་གིས་འཆད་ཁྲིད་གནང་བཞིན་པ།

         ཉེ་སྔོན། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གིས་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དགེ་འདུན་རྒྱ་མཚོ་མཆོག་གདན་འདྲེན་ཞུས་ཏེ་སྣ་འཛོམས་ཐོག་ཁང་དུ་ཞིབ་འཇུག་སློམ་མ་རྣམས་ལ་འཆད་ཁྲིད་ཅིག་གོ་སྒྲིག་ཞུས་ཤིང་། སློབ་གླིང་གི་འགོ་གཙོ་རྒན་དཔལ་ཆེན་རྒྱལ་གྱིས་འཆད་ཁྲིད་དེའི་མདོ་འཛིན་གནང་ཞིང་ཚོགས་ཞུགས་སུ་སློབ་མ400ལྷག་ཙམ་མཉམ་ཞུགས་གནང་ཡོད།

དགེ་རྒན་དགེ་འདུན་རྒྱ་མཚོས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་འཆད་ཁྲིད་གནང་།
འཆད་ཁྲིད་སྐབས་ཀྱི་ཚོགས་ཁང་གི་རྣམ་པ།

         འཆད་ཁྲིད་འདིར་གཙོ་ཆེར་སྐད་དང་ཡི་གེ་གཞུང་ལུགས་བཅས་རྩ་བའི་ས་བཅད་གསུམ་པོ་གཞིར་བཟུང་སྟེ་གསུང་ཁྲིད་ཞིབ་རྒྱས་གནང་པ་དང་། ནང་གསེས་སུ་བོད་རྒྱ་སྐད་ཁོངས་གཅིག་པ་ཡིན་མིན་ཐད་ལ་དོགས་སློང་དང་བོད་ཀྱི་སྐད་ཡིག་གི་བྱུང་རིམ་དང་ཐུན་མིན་ཁྱད་ཆོས་སོགས་ཀྱི་སྐོར་ནས་འཆད་ཁྲིད་གནང་།
         མཇུག་ཏུ་སློབ་བུ་རིག་འཛིན་དང་རིག་རྩལ། སྦྱིན་པ་བཅས་ཀྱིས་འཆད་ཁྲིད་ཀྱི་བརྗོད་གཞི་དང་འབྲེལ་བའི་དྲི་བ་ཁག་ཅིག་ཞུས་ཤིང་། རྒན་ལགས་ཀྱིས་དྲི་བ་དེ་དག་ལ་དྲི་ལན་ཞིབ་རྒྱས་མཛད་རྗེས་རྒན་དཔལ་ཆེན་རྒྱལ་གྱིས་མཇུག་བསྡུའི་གཏམ་བཤད་གནང་སྟེ་དགའ་ལྷང་ལྷང་གི་ཐལ་སྒྲའི་ཁྲོད་ནས་འཆད་ཁྲིད་ཀྱི་མཇུག་ལེགས་པོར་སྒྲིལ་བ་རེད།

  • ལེ་ཚན་སྔོན་མ།:ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་གཞི་རིམ་ནས་སྒྲོག་འགྲེལ་བྱེད་པར་བྲེལ་བཞིན་ཡོད་པ།
  • ལེ་ཚན་རྗེས་མ།:སྐྱབས་ཆེན་བདེ་གྲོལ་གྱི་སྙན་དེབ《མི་རྟག་པ》འགྲེམ་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།