ནང་སོག་གིས་ད་ལོར་རིགས་སོ་སོའི་འགན་ལེན་རང་བཞིན་གྱི་སྡོད་ཁང་གསར་པ་ཁྲི28བསྐྲུན་ཡོད།

(མིག་དམར་གྱིས་བསྒྱུར།)        2012-11-05

 ཞིན་ཧྭ་གསར་འགྱུར་ཁང་ཧུའུ་ཧོ་ཧའོ་ཐེ་ནས་ཟླ་བ10པའི་ཚེས14ཉིན་འབྱོར་བའི་གཏམ་གསར། གསར་འགོད་པས་ཉིན་སྔར་ནང་སོག་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་རྒྱུར། ད་ལོ་ནས་བཟུང་། ནང་སོག་གིས་འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་གྱི་མ་དངུལ་དང་ས་ཞིང་འགན་ལེན་བྱ་རྒྱུའི་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ་རྣམ་གྲངས་འཛུགས་སྐྲུན་ལས་ཚད་ཇེ་མགྱོ གས་བྱས། ཟླ་བ9པའི་ཟླ་མཇུག་གི་བར་དུ། རང་སྐྱོང་ལྗོངས་ཡོངས་ཀྱིས་གསར་འཛུགས་བྱས་པའི་རིགས་སོ་སོའི་འགན་ལེན་རང་བཞིན་གྱི་སྡོད་ཁང་ཁྲི28.15ཡོད་པས་ལོ་ཧྲིལ་པོ་འགན་ལེན་རང་བཞིན་གྱི་སྡོད་ཁང3795བསྐྲུན་རྒྱུའི་དམིགས་ཡུལ་ལས་བརྒལ་ཞིང་། དེའི་ནང་སྡོད་ཁང་ཁྲི12.3ཧ་ལམ་གྲུབ་པ་རེད། རང་སྐྱོང་ལྗོངས་གློག་ཤུགས་སྡེ་ཁག་གིས་ཀྱང་འགན་ལེན་རང་བཞིན་གྱི་སྡོད་ཁང་བསྐྲུན་པར་གློག་ཤུགས་འདོན་སྤྲོད་བྱ་རྒྱུའི་བདེ་བགྲོད་གློག་ལམ་སྒྲིག་སྦྱོར་བྱས་ཏེ་ཐོག་མར་འགན་ལེན་རང་བཞིན་གྱི་སྡོད་ཁང་སྐྲུན་པའི་གློག་སྤྱོད་དགོས་མཁོ་བསྐངས་པ་རེད།
  • ལེ་ཚན་སྔོན་མ།:ལྷན་སྐྱེས་སྙིང་ནད་ཡོད་པའི་བོད་ལྗོངས་ཀྱི་བྱིས་པ་120པེ་ཅིན་དུ་སྨན་རིན་མི་དགོས་པའི་སྨན་བཅོས་བྱ་རྒྱུ་རེད
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ཞུགས་མཁན་འཐུས་མིར་ཕེབས་སྐྱེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚ
  • དོ་སྣང་ཆེ་བའི་རྩོམ།