འབྲུག་ཆུའི་གནོད་ཕྱིའི་གློག་དྲའི་བསྐྱར་འཛུགས་བཟོ་སྐྲུན་ལེགས་འགྲུབ་བྱུང་བ།

    ཀན་ལྷོ་རླུང་འཕྲིན་ལས་ཁུངས།    2012-10-17

ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་ལ་གནོད་སྐྱོན་ཐེབས་ནས་ལོ་གཉིས་འགོར་པའི་སྐབས་འདིར། འབྲུག་ཆུའི་གློག་དྲའི་བསྐྱར་འཛུགས་བཟོ་སྐྲུན་གྱིས་སྔ་སྣུར་སྒོས་འགན་ཁུར་ཚང་མ་ལེགས་འགྲུབ་བྱུང་། བསྐྱར་འཛུགས་བྱས་པའི་འབྲུག་ཆུའི་གློག་དྲའི་རིག་ནུས་ཅན་གྱི་ཆུ་ཚད་རྒྱལ་ནང་གི་སྔོན་ཐོན་ཆུ་ཚད་ལ་བསླེབས་པར་མ་ཟད། གློག་དྲ་ཡོངས་ཀྱི་གློར་བྱུང་གནོད་འཚེ་ལ་དམིགས་པའི་འཕྲལ་བསྟུན་ནུས་ཚད་མཐོར་འདེགས་ཆེས་ཆེན་པོ་ཡོང་བ་རེད།

ལོ་གཉིས་ཀྱི་སྔོན་ལ། འདམ་ཟེགས་འདྲེས་མའི་ཆུ་གློག་ཆེན་པོ་ཞིག་གིས་ཀན་སུའུ་འབྲུག་ཆུ་རྫོང་ལ་གནོད་པ་ཆེན་པོ་བཟོས་ཤིང་། གནོད་སྐྱོན་ཆེན་པོས་འབྲུག་ཆུ་རྫོང་མཁར་གྱི་སྟོང་ ཧྥུ་བཅུའི་གློག་སྐུད་མང་ཆེ་བ་དང་གློག་ཤུགས་ཀྱི་སྒྲིག་བཀོད་ལ་གཏོར་རློག་ཚབས་ཆེན་ཐེབས། ལོ་གཉིས་འགོར་བའི་དེ་རིང་། འབྲུག་ཆུའི་མང་ཚོགས་རྣམས་ཀྱིས་བདེ་སྡོད་ལས་ལ་བརྩོན་ ཞིང་ཚོང་ཟོག་དར་ཞིང་རྒྱས་པ། འབྲུག་ཆུའི་གློག་དྲའི་རྣམ་པར་ཡང་འགྱུར་ལྡོག་གསར་བ་བྱུང་།འབྲུག་ཆུའི་གནོད་པ་ཐེབས་རྗེས་ཀྱི་གློག་དྲ་སླར་གསོ་གསར་སྐྲུན་བྱས་པའི་སྟོང་ཧྥི110ཡི་གློག་བསྒྱུར་ས་ཚིགས་ཀྱི་སྒྲིག་ཆས་ལ་སྔོན་ཐོན་རིག་ནུས་ཅན་གྱི་བཀག་སྡོམ་སྡེབ་སྒྲིག་གློག་ཆས་སྤྱད་ཅིང་། ཐག་རིང་ནས་ཁ་ལོ་བསྒྱུར་བ་མངོན་འགྱུར་བྱུང་ནས། སྒྲིག་ཆས་ཀྱི་ཆག་སྒོ་འགོག་པའི་ནུས་ཤུགས་ཇེ་མཐོར་བཏང་། གློག་ཁུངས་ཆ་ཅན་གྱི་གློག་འདོན་གྱིས་འབྲུག་ཆུའི་གློག་དྲ་སྔར་བས་ཚན་རིག་དང་མཐུན་ལ་ཚན་ལྡན་ཡིན་པས། གློག་འདོན་གྱི་བློ་ གཏད་ཆོག་པའི་རང་བཞིན་མཐོར་འདེགས་ཆེས་ཆེན་པོར་སོང་ཡོད། ད་ལོའི་ལོ་མཇུག་ཏུ་འབྲུག་ཆུའི་གློག་དྲ་ཡིས་གནོད་ཕྱིའི་སླར་གསོ་བསྐྱར་འཛུགས་ཀྱི་འགན་ཁུར་ཡོངས་འགྲུབ་བྱེད་རྒྱུ་ཡིན་ལ། བསྐྱར་འཛུགས་བྱས་རྗེས་ཀྱི་འབྲུག་ཆུའི་གློག་དྲས་ལོ་ཉི་ཤུའི་ནང་ས་དེའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་ཐུབ་པ་དང་། དེ་ཀན་ སུའུ་ཞིང་ཆེན་ནང་ཁུལ་གྱི་རིག་ནུས་ཆེས་ཆེན་པོའི་རྫོང་རིམ་གློག་དྲར་འགྱུར་རྒྱུ་རེད། །

  • ལེ་ཚན་སྔོན་མ།:ཀན་སུའུ་ཞིང་ཆེན་གྱི་དེང་རབས་ཅིན་ཅུས་ཟློར་གར《རྩྭ་ཐང་གི་སྨན་པ》ཞེས་པ་ཧྲང་ཧེ་ནས་འཁྲབ་སྟོན་བྱས་པ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་རྒྱང་སྒྲོག་བརྙན་འཕྲིན་བོད་སྐད་ལེ་ཚན་བཅར་འདྲི་དང་རྩོམ་སྒྲིག་ལས་རིགས་ཀྱི་ཟབ་སྦྱོང་འཛིན་གྲྭ་ཁ
  • དོ་སྣང་ཆེ་བའི་རྩོམ།