ཀྲུང་གོ་བོད་ཀྱི་དྲ་བ། 2012-10-17
དེང་རབས་ཅིན་ཅུས་ཟློར་གར《རྩྭ་ཐང་གི་སྨན་པ》ནི་ཀན་སུའུ་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། ཞིང་ཆེན་འཕྲོད་བསྟེན་ཐིན། ཞིང་ཆེན་རིག་གནས་ཐིན་བཅས་ཀྱིས་མཉམ་སྒོས་ཇུས་འགོད་བྱས་ཤིང་། ཞིང་ཆེན་ཅིན་ཅུས་ཟློར་གར་ཚོགས་པས་གསར་རྩོམ་འཁྲབ་སྟོན་བྱས། ཟློར་གར་འདི་ནི་“གསར་བརྗེ་སྨན་པ”ལོས་ཀོང་དང2010ལོའི“སེམས་འགུལ་ཐེབས་པའི་ཀྲུང་གོའི”མི་སྣ་བཅུའི་འཐུས་ཚབ་ཝང་བན་ཆིན་གཉིས་ཀྱི་བླ་མེད་བྱས་རྗེས་གཞིར་བྱས་ཏེ་གསར་རྩོམ་བྱས་པ་ཡིན་ལ། ཟློར་གར་ལས་བརྗོད་དོན་མི་སྣ་གཙོ་བས་རང་བྱུང་གི་ཁོར་ཡུག་ཧ་ཅང་ཞན་པའི་ཀན་ལྷོ་རྩྭ་ཐང་དུ་དཀའ་སྤྱད་སྡུག་རུས་བྱས་ཏེ། ས་དེའི་མི་རྣམས་ནད་ཡམས་ལས་ཐར་བར་བྱས་རྗེས་བླ་མེད་བཞག་པ་བརྗོད་ཡོད། ཟློར་གར་འདིའི་མི་སྣ་གཙོ་བོ་ཝང་བན་ཆིན་ནི1944ལོར་ཧྲེང་ཧེ་གྲོང་ཁྱེར་ནས་སྐྱེས་ཤིང་། 1968ལོར་ཧྲེང་ཧེ་གསོ་རིག་སློབ་གླིང་དང་པོ་ནས་སློབ་མཐར་ཕྱིན་རྗེས། ཀན་ལྷོ་རྨ་ཆུ་རྩྭ་ཐང་དུ་སོང་ནས་དང་བླངས་བའི་ལས་འགན་སྒྲུབ་པ་དང་། རྨ་ཆུ་རྗོང་གི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་བྱས་རྗེས་བླ་མེད་བཞག
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10