ཨ་ཅག་ཚན་སྡེབ་ཕ་ཡུལ་བཀྲ་ཤིས་ཁ་རུ་འཁྲབ་སྟོན་བྱེད་པ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-10-18

ཨ་ཅག་ཚན་སྡེབ་ཕ་ཡུལ་བཀྲ་ཤིས་ཁ་རུ་འཁྲབ་སྟོན་བྱེད་པ།
ཨ་ཅག་ཚན་སྡེབ་ཕ་ཡུལ་བཀྲ་ཤིས་ཁ་རུ་འཁྲབ་སྟོན་བྱེད་པ།

         ཉེ་ལམ། ཨ་ཅག་ཚན་སྡེབ་ཕ་ཡུལ་བཀྲ་ཤིས་ཁ་རུ་སྤེལ་བའི་དགོང་ཚོགས་སུ་གདན་ཞུ་ལྟར་འཁྲབ་སྟོན་ལ་ཞུགས་ཤིང་། ཐེངས་འདིར་ཁོ་མོ་ཚོས་ཆེད་དུ་ཕ་ཡུལ་ལ་བསྒྲིགས་པའི་བརྩེ་སེམས་བཀྲ་ཤིས་ཁར་འཐིམ་ཞེས་པའི་གླུ་གཞས་ཕུལ་བར་བརྟེན། ཡུལ་མི་རྣམས་ཀྱིས་དགའ་བསུ་ཆེན་མོ་གནང་སྟེ་ཡུལ་དངོས་ལ་སྤྲོ་སེམས་རབ་ཏུ་དོད་པོའི་ཁ་དབུགས་ཤིག་ངང་གིས་བསྩལ་བྱུང་ལ། རྣམ་པ་འདིས་ཨ་ཅག་ཚན་སྡེབ་ལ་སྔ་ན་མེད་པར་སེམས་འགུག་ཐེབས་སུ་བཅུག
         ད་སྔའི་ཕུལ་དུ་བྱུང་བའི་བོད་རིགས་ཚན་སྡེབ་ཅིག་ཡིན་པའི་ཆ་ནས་རྟག་ཏུ་མི་རིགས་ཀྱི་སྲོལ་རྒྱུན་དང་དེང་རབས་ཟུང་སྦྲེལ་གྱིས་འཁྲབ་སྟོན་སྣ་ཚོགས་ལ་འཇུག་བཞིན་ཡོད་ཅིང་། གླུ་གཞས་ཀྱི་ཕུགས་འདུན་ལ་སྙེག་པར་ནམ་ཡང་བརྩོན་པ་ཆེན་པོས་གཞོལ་བ་དང་། གསར་གཏོད་རང་བཞིན་གྱི་གཞས་ལམ་ལ་མུ་མཐུད་དུ་གོམ་སྟབས་བསྒྱུར་གྱི་ཡོད།
         རྒྱུས་ལོན་པ་ལྟར་ན། ཁོ་ཚོའི་རྒྱ་སྐད་གླུ་གཞས་ཏེ་བརྩེ་བ་ནི་འོད་ཐིགས་ཤིག་ཅེས་པ་ནི་ཅུང་འགྲོས་མྱུར་བའི་ཚོར་སྣང་གིས་བྱུག་པས་གཞོན་སྐྱེས་གང་མང་གིས་དགའ་བསུ་ཐོབ་ཀྱི་ཡོད་པ་དང་། དེའི་མཚུངས་སུ་ཨ་ཅག་ཚན་སྡེབ་ཀྱི་བོད་སྐད་ཆེད་བསྒྲིགས་གསར་བ་ད་ལྟ་དུས་མཇུག་གི་ལས་སྐབས་སུ་གནས་ཤིང་མི་འགྱངས་པར་འགྲེམ་སྤེལ་བྱ་རྒྱུ་ཡིན་པར་གྲགས།

  • ལེ་ཚན་སྔོན་མ།:ཁམ་ཕུ་ཀྲེ་རྒྱལ་ཁབ་ཀྱི་སྔོན་ཆད་ཀྱི་རྒྱལ་བོ་ཞི་ཧཱ་ནོའུ་ཁི་སྐུ་གཤེགས་པ།
  • ལེ་ཚན་རྗེས་མ།:ཝུན་ཅ་པོ་ཡིས་ཁམ་ཕུ་ཀྲེའི་རྒྱལ་ཡུམ་དང་རྒྱལ་བོ་གཉིས་ལ་འཚམས་འདྲི་བྱས་པར་མ་ཟད་དབུ་བཞུགས་བློན་ཆེན་ཧོང་སིན
  • དོ་སྣང་ཆེ་བའི་རྩོམ།