བསོད་ནམས་ལྷ་མོ། མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-09-21
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་གཏོགས་པའི་ཐུན་རིན་དང་གཙན་ཚ། རྩེ་ཁོག ཧི་ནན་བཅས་རྫོང་བཞི་ལ་བསྡོམས་པས་ཕྱུགས་ལས་སྡེ་བ་བརྒྱ་དང་ཉེར་དྲུག་ཡོད་ལ། དེའི་ཁྲོད་ཧི་ནན་དང་རྩེ་ཁོག་རྫོང་གཉིས་གཙང་གསུམ་འབྱུང་ཡུལ་གྱི་ལྟེ་གནས་སུ་གནས་པའི་ཕྱུགས་ལས་རྐྱང་རྐྱང་གི་རྫོང་གཉིས་ཡིན། 2010ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་པའི་སྤྱིའི་རེ་བ་ལྟར། རྨ་ལྷོ་ཁུལ་གྱིས་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་ཚན་རིག་ལྟར་དང་ལུགས་མཐུན་སྒོས་རྩྭ་སའི་ཐོན་ཁུངས་བེད་སྤྱོད་བྱེད་པའི་རྨང་གཞིའི་སྟེང་ཐོན་སྐྱེད་བདག་གཉེར་གྱི་བྱེད་ཐབས་བསྒྱུར་བ་གནད་སར་བཟུང་བ་དང་། རྩྭ་ས་དང་ཕྱུགས་ཟོག་དོ་མཉམ་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་པ་སོགས་བྱས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་ཕྱུགས་ལས་ལ་ཐོན་འཕར་འབྱུང་བ། འབྲོག་དམངས་ཀྱི་ཡོང་སྒོ་འཕར་བ་བཅས་དམིགས་འབེན་བྱས་ནས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་པའི་བྱ་བ་ཧུར་ཐག་སྒོས་བསྒྲུབས། མིག་སྔའི་བར་དུ་རྨ་ལྷོ་ཁུལ་ཡོངས་ཀྱི་རྫོང་བཞིའི་འབྲོག་ཁྱིམ་ཁྲི་གཅིག་དང་སྟོང་གཉིས་སུམ་བརྒྱ་སྐྱེ་ཁམས་ཕྱུགས་ལས་ཀྱི་ཆེད་ལས་མཉམ་ལས་ཁང་དུ་ཞུགས་པ་དང་། འབྲོག་ཁྱིམ་མཉམ་ལས་ཁང་ལ་ཞུགས་ཚད་བརྒྱ་ཆའི་ང་གཉིས་ལ་བསླེབས་པ་དང་། ཆེད་ལས་མཉམ་ལས་ཁང་ལ་ཞུགས་པའི་མི་གྲངས་ཁྲི་ལྔ་དང་སྟོང་ལྔ་བཞི་བརྒྱར་བསླེབས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10