གདོད་མའི་བོད་གཞས་འགྲན་ཚོགས་སྤེལ་འགོ་བརྩམས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོ་བོད་ཀྱི་དྲ་བ།    2012-09-17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  བོད་མི་རིགས་ཀྱི་རིག་གནས་སྔོག་འདོན་དང་ལེགས་སྒྲིག  འགྲེམ་སྟོན་བྱས་ཏེ།  མི་རིགས་ཀྱི་སྒྱུ་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཆེད། ཟླ9བའི་ཚེས15ཉིན2012ལོའི་ཁམས་པའི་འཁོར་སྐར་འཕྲིན་ལམ་གྱིས“སྐལ་བ་བཟང་སོང”ཞེས་པའི་གདོད་མའི་བོད་གཞས་འགྲན་ཚོགས་སེམས་ཀྱི་ཉི་ཟླ་རྫོང་དཀྱིལ་འཁོར་ཐང་ཆེན་དུ་སྤེལ། 

རྒྱུས་ལོན་པ་ལྟར་ན།  ཐེངས་འདིའི་གདོད་མའི་བོད་གཞས་འགྲན་ཚོགས་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་གཙོ་བསྒྲུབས་བྱས་ཤིང་།  བདེ་ཆེན་ཁུལ་གནས་སྐོར་འཕེལ་རྒྱས་སྡེ་ཚོགས་ཀྱིས་སྒྲུབ་འགན་ཁུར་བ་དང་།  བདེ་ཆེན་ཁུལ་རིག་གནས་ཅུའུ་དང་བདེ་ཆེན་ཁུལ་བརྙན་འཕྲིན་ཁང་གཉིས་ཀྱིས་རོགས་སྒྲུབ་བྱས།  ཐེངས་འདིའི་འགྲན་ཚོགས་སྟེང་བདེ་ཆེན་ཁུལ་རོལ་མོ་བའི་མཐུན་ཚོགས་ཀྱི་འཁྲབ་སྟོན་པ་གྲགས་ཅན་དང་།  གླུ་བ་གྲགས་ཅན།  རོལ་མོ་སྒྲིག་སྦྱོར་མཁན་སོགས་དཔྱད་འདེམས་པ་གདན་ཞུ་བྱས་ཡོད། 

ཤེས་གསལ་བྱུང་བ་ལྟར་ན།  ཐོག་མའི་འགྲན་བསྡུར་ཁྲོད་ཕུལ་བྱུང་གླུ་བ་གླུ་མ20འདེམས་རྒྱུ་ཡིན་པ་དང་།  སྐབས་རྗེས་མའི་ཞིང་ལྗོངས་ལྔ་ཡི་འདེམས་སྒྲུག་འགྲན་བསྡུར་ཁྲོད་ཞུགས་རྒྱུ་རེད།  །

            
             

  • ལེ་ཚན་སྔོན་མ།:ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོས་སློབ་རའི་ལུས་རྩལ་འགྲན་ཚོགས་སྐབས་བཞི་བ་སྤེལ་བ།
  • ལེ་ཚན་རྗེས་མ།:ལྷན་སྐྱེས་སྙིང་ནད་ཡོད་པའི་བོད་ལྗོངས་ཀྱི་བྱིས་པ་120པེ་ཅིན་དུ་སྨན་རིན་མི་དགོས་པའི་སྨན་བཅོས་བྱ་རྒྱུ་རེད
  • དོ་སྣང་ཆེ་བའི་རྩོམ།