འཛམ་ཐང་རྫོང་གིས་དམངས་ཁྲོད་བཟོ་རྩལ་སྒྲིག་བཟོ་དང་ཞོར་ལས་པའི་ནུས་རྩལ་འགྲན་སྡུར་ཐོག་མ་སྤེལ་རྒྱུ་རེད།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2012-09-14

དམངས་ཁྲོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་ཉིང་བསྡུས་དང་འཛམ་ཐང་གི་འཆམ་མཐུན་སྤྱི་ཚོགས་རིག་གནས་འཛུགས་སྐྲུན་ཞེས་པ་བརྗོད་གཞིར་བྱས་པའི་སི་ཁྲོན་འཛམ་ཐང་དམངས་ཁྲོད་བཟོ་རྩལ་སྒྲིག་བཟོའམ་ཞོར་ལས་པའི་ནུས་རྩལ་འགྲན་སྡུར་སྐབས་དང་པོ་དེ་ཟླ9བའི་ཚེས19ཉིན་སྤེལ་རྒྱུ་རེད།ཐེངས་འདིའི་འགྲན་སྡུར་ལ་ཁག་གསུམ་དུ་འདུས་པ་སྟེ།ཁག་དང་པོ་ནི་དམངས་ཁྲོད་བཟོ་རྩལ་ཐོན་རྫས་ཀྱི་བཤམས་སྟོན་དང་དཔྱད་སྡུར། གཙོ་བོ་ཐང་ག་དང་མར་བཟོས་མེ་ཏོག་མཆོད་པ། རྡོ་བརྐོས། དངུལ་ཆས། དཀྱིལ་འཁོར་སོགས་དམངས་ཁྲོད་ཀྱི་བཟོ་རྩལ་ཐོན་རྫས་ཕྱོགས་བསྡུ་དང་བཤམས་སྟོན་བྱེད་པ།ཁག་གཉིས་པ་ནི་དམངས་ཁྲོད་བཟོ་རྩལ་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་རིག་རྩལ་འཁྲབ་སྟོན།གཙོ་བོ་འཛམ་ཐང་གི་ཁྱད་དུ་འཕགས་པའི་ཡུལ་ཁོངས་རིག་གནས་བརྗོད་པའི་རིག་རྩལ་ཁག་སྟེ། སྲོལ་རྒྱུན་གླུ་གཞས་དང་ཞབས་བྲོ།མི་རིགས་ཀྱི་གྱོན་ཆས་སོགས་འཁྲབ་སྟོན་བྱེད་པ།ཁག་གསུམ་པ་ནི་དམངས་ཁྲོད་བཟོ་རྩལ་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་བཟོ་རྩལ་ཐོན་རྫས་ཡུལ་དངོས་སུ་སྒྲིག་བཟོ་དང་འཁྲབ་སྟོན་བྱེད་པ་སྟེ།ཞང་གྲོང་སོ་སོས་འོས་སྦྱོར་བྱས་པའི་དམངས་ཁྲོད་སྒྱུ་རྩལ་པས་ཡུལ་དངོས་སུ་བོད་ཀྱི་སྲོལ་རྒྱུན་བཟོ་རྩལ་ཐོན་རྫས་སྒྲིག་བཟོ་བྱས་ཏེ་ལྟད་མོ་བ་རྣམས་ལ་འཛམ་ཐང་གི་དམངས་ཁྲོད་ཀྱི་བཟོ་རྩལ་སྒྲིག་བཟོ་བྱེད་པའི་གཟི་དཔལ་ཉམས་སུ་མྱོང་དུ་འཇུག་པ་ཡིན།ཐེངས་འདིའི་དམངས་ཁྲོད་བཟོ་རྩལ་སྒྲིག་བཟོའམ་ཞོར་ལས་པའི་ནུས་རྩལ་འགྲན་སྡུར་གྱི་དམིགས་འབེན་ནི་འཛམ་ཐང་གི་དམངས་ཁྲོད་སྒྱུ་རྩལ་གྱི་མི་སྣ་འཇོན་ཐང་ཅན་སྔོག་འདོན་དང་།དམངས་ཁྲོད་སྒྱུ་རྩལ་གྲུབ་འབྲས་བཤམས་སྟོན།དམངས་ཁྲོད་སྒྱུ་རྩལ་གྱི་མཆོག་ཏུ་གྱུར་བའི་ཐོན་རྫས་བསྐྲུན་ཏེ་སྲོལ་རྒྱུན་རིག་གནས་དང་སྲོལ་རྒྱུན་ནུས་རྩལ་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དང་མཉམ་དུ།འཛམ་ཐང་གི་ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས་ཞེས་པའི་མཚོན་རྟགས་ཀྱི་མཚན་སྙན་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུ་དེ་ཡིན།
  • ལེ་ཚན་སྔོན་མ།:བོད་ལྗོངས་མངའ་རིས་སུ་གནས་སྐོར་གྱི་དུས་རྩེར་སོན་པ།
  • ལེ་ཚན་རྗེས་མ།:༼བོད་ཀྱི་གསོ་རིག་སྨན་རྫས་རིས་འགྲེལ་ཀུན་འདུས༽པར་བསྐྲུན་འགྲེམ་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།