ཀན་ལྷོ་ཁུལ་གྱིས་ན་གཞོན་ལས་སྒྲུབ་པ་རྣམས་ལ་བོད་རྒྱ་སྐད་གཉིས་གསོ་སྦྱོང་འཛིན་གྲྭ་བསྡུས་པ།
ལྷ་མོ་ཚེ་སྐྱིད། 2012-09-10
ཟླ9བའི་ཚེས4ཉིན། ཀན་ལྷོ་ཁུལ་གྱིས་བོད་རྒྱའི་ན་གཞོན་ལས་སྒྲུབ་པ100ལྷག་ལ་ཀན་ལྷོ་དགེ་ཐོན་སློབ་ཆེན་དུ་བོད་རྒྱ་སྐད་གཉིས་གསོ་སྦྱོང་འཛིན་གྲྭ་བསྡུས་ཏེ་སྐད་གཉིས་ལ་ཐོགས་པ་མེད་ཅིང་གཞི་རིམ་ལ་རྐང་ཟུག་པ་དང་། བོད་ཁུལ་རོང་འབྲོག་མི་དམངས་ཀྱིས་བོད་སྐད་ཀྱི་ལམ་ནས་འབྲེལ་འདྲིས་ལེགས་པོར་བྱེད་པའི་སྤུས་ལེགས་ཤེས་ལྡན་པའི་རུ་ཁག་གསོ་སྐྱོང་བྱེད་པ་རེད།
ན་ནིང་ནས་བཟུང་། ཀན་ལྷོ་ཁུལ་གྱིས་སྔ་གཞུག་ཏུ་བོད་རྒྱ་སྐད་གཉིས་ཀྱི་གསོ་སྦྱོང་འཛིན་གྲྭ་ཐེངས་གཉིས་ལ་སྤེལ་ཞིང་། བསྡོམས་པས་གཞི་རིམ་ན་གཞོན་ལས་སྒྲུབ་པ200ལྷག་གསོ་སྦྱོང་བྱས་ཏེ་ཀན་སུའུ་ཞིང་ཆེན་གཞི་རིམ་ལས་སྒྲུབ་པར་སྐད་གཉིས་གསོ་སྦྱོང་བྱེད་པའི་ལམ་སྣ་དྲངས་པ་རེད། འདི་ནི་སྐབས་གསུམ་པའི་གསོ་སྦྱོང་བྱ་འགུལ་ཡིན་ཞིང་། བསླབ་གཞི་ལ《བོད་ཡིག》དང་། 《བོད་སྐད》། 《ཀྲུང་གུང་ཏང་གི་ལོ་རྒྱུས》། 《སྤྱི་ཚོགས་སེམས་ཁམས་རིག་པ》། 《གཞུང་ཡིག་འབྲི་རྩོམ》། 《རྒྱའི་ཚད་ལྡན་སྤྱི་སྐད》། 《སྒྱུ་རྩལ་རོལ་མྱོང》། 《ལུས་རྩལ》སོགས་འདུས། སྐད་གཉིས་གསོ་སྦྱོང་འཆར་ཇུས་ཀྱི་སྤྱིའི་སྒྲིག་བཀོད་ལྟར། ཀན་ལྷོ་ཁུལ་གྱིས་ལོ3ནསལོ5ཡི་དུས་ཡུན་བེད་སྤྱད་དེ་སྐབས་རིམ་བགར་ཏེ་གཅིག་སྡུད་སྒོས་གཞི་རིམ་ན་གཞོན་ལས་སྒྲུབ་པ2000ལྷག་གསོ་སྦྱོང་བྱས་ཏེ་མང་ཚོགས་དང་འབྲེལ་འདྲིས་བྱེད་ཐུབ་པའི་སྐད་གཉིས་ནུས་ཤུགས་ཆེར་བསྐྱེད་པ་རེད།
ཀན་ལྷོ་ཁུལ་ནི་རྒྱལ་ཡོངས་བོད་རིགས་རང་སྐྱོང་ཁུལ10རུ་གཏོགས་ཤིང་། བོད་རིགས་མི་གྲངས་ཀྱིས་མི་གྲངས་ཡོངས་ཀྱི55.7%ཟིན་པ་དང་། ཁུལ་ཡོངས་རྫོང་དང་གྲོང་ཁྱེར་གྱི་གྲོང་དང་གྲོང་རྡལ95ལ་ཁྱབ་ཡོད་ལ། གྲངས་ཉུང་མི་རིགས་ལས་སྒྲུབ་པས་ལས་སྒྲུབ་པ་ཡོངས་ཀྱི54.4%ཟིན།
1938ལོར་བཙུགས་པའི་ཀན་ལྷོ་དགེ་ཐོན་སློབ་གྲྭས་འབྲིང་ཆུང་སློབ་གྲྭ་དང་། རོང་འབྲོག་ཁུལ་གྱི་སློབ་སྒྲུབ་བསམ་བློ་དང་ཁ་ཕྱོགས་ཏེ་དགེ་རྒན་རུ་ཁག་གསོ་སྐྱོང་དང་གསོ་སྦྱོང་བྱེད་པའི་ཟུང་འགན་བཞེས་ཏེ་སློབ་གྲྭ་བཙུགས་པའི་ལོ་ངོ70རིང་། སྤྱི་ཚོགས་སུ་ཚད་ལྡན་མཐར་ཕྱིན་སློབ་མ་ཁྲི1གསོ་སྐྱོང་བྱས་པ་དང་། གསོ་སྦྱོང་བྱས་པའི་འབྲིང་ཆུང་དགེ་རྒན་བསྡོམས་པས་མི་ཐེངས15000ལ་སླེབས།