ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-09-04
བོད་ལྗོངས་སུ་རྒྱལ་ཡོངས་གཟུགས་འདས་ཤུལ་
བཞག་རིག་གནས་རྒྱུན་འཛིན་པ53ཡོད་པ།
བོད་ལྗོངསགསོ་རིག་གླིང་གི་འགོ་གཙོ་ཉི་མ་ཚེ་རིང་གིས་བོད་སྨན་བཟོ་སྐྲུན་གྱི་ཉིང་བཅུད་གསང་བ་སྤྱི་བསྒྲགས་སློབ་ཁྲིད་གནང་བར་བརྟེན་བོད་ལྗོངས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་གྱི་ཚབ་མཚོན་པ་ཞིག་ཏུ་གྱུར།
བོད་རང་སྐྱོང་ལྗོངས་རིག་གནས་ཐིན་གྱི་འགོ་གཙོ་གཞོན་པས་མཚམས་སྦྱོར་གནང་བ་ལྟར་ན། 2005ལོ་ནས་བཟུང་བོད་ལྗོངས་ཀྱིས་སྔ་གཞུག་ཏུ་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི95དང་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ45ཡར་ཞུ་བྱས་པ་དང་། མིག་སྔར་བོད་ལྗོངས་སུ་མཉམ་འབྲེལ་རྒྱལ་ཚོགས་མིའི་རིགས་གཟུགས་འདས་རིག་གནས་ཤུལ་བཞག་བརྩམས་ཆོས2ཡོད། རིག་གནས་པུའུ་ཡིས་སྔ་གཞུག་ཏུ་སྐབས་གསུམ་གྱི་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་ལས་གཞིའི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། བོད་ལྗོངས་སུ་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན་པ53དང་། རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་ཚབ་མཚོན་བརྩམས་ཆོས76། རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་ཚབ་མཚོན་བརྩམས་ཆོས222ཡོད།
རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན་པ53གྱིས་ནང་བསྟན་རོལ་མོ་དང་། སྲོལ་རྒྱུན་རོལ་མོ། བྲོ་གར། བོད་ཀྱི་ཟློས་གར། དེ་མིན་བོད་ཤོག་དང་། སྲོལ་རྒྱུན་གསོ་རིག་སོགས་སྣ་མང་རྒྱུན་འཛིན་བྱེད་པ་ཡིན་ལ། རྒྱུས་ལོན་པ་ལྟར་ན་ཉེ་བའི་ལོ30ནང་། བོད་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་དམངས་ཁྲོད་ཀྱི་ཟློས་གར་དང་། རོལ་མོ། དམངས་གླུ། གཏམ་དཔེ། གཏམ་རྒྱུད་སོགས་རྩོམ་རིག་སྒྱུ་རྩལ་གྱི་རིགས་འཚོལ་བསྡུ་དང་ལེགས་སྒྲིག་བྱས་ཤིང་། སྔ་རྗེས་སུ་བོད་རྒྱའི་རྒྱུ་ཆའི་ཡིག་འབྲུ་ཁྲི3000ལྷག་བསྡུས་པ་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་འབྲེལ་བའི་རིག་གཞུང་དཔྱད་རྩོམ1000ལྷག་དང་ཆེད་རྩོམ་བརྩམས་ཆོས30ལྷག་སྤེལ་བ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10