མགོ་ལོག་གེ་སར་སྤོ་ལོ་རུ་ཁག་ལ་ཀྲུང་ཁོ་སྤོ་ལོ་རིག་གནས་འབྲེལ་འདྲིས་འགྲན་བསྡུར་དུ་ཨང་གཉིས་པ་ཐོབ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-09-03

མགོ་ལོག་གེ་སར་སྤོ་ལོ་རུ་ཁག་ལ་ཀྲུང་ཁོ་སྤོ་ལོ་རིག་གནས་འབྲེལ་འདྲིས་འགྲན་བསྡུར་དུ་ཨང་གཉིས་པ་ཐོབ།
འགྲན་ཞུགས་རུ་ཁག་ལྷན་དུ་པར་བླངས་པ།

         ཟླ8པའི་ཚེས23ནས་ཚེས27བར།  ཁོ་རི་ཡ་དང་ཀྲུང་གོའི་རྐང་རྩེད་སྤོ་ལོ་མཐུན་ཚོགས་ཀྱི་འོད་གསལ་སྤོ་ལོའི་སྤྲོ་རྒྱས་ཁང་གིས་ཅི་ལིན་ཞིང་ཆེན་ཡན་པན་གྲོང་ཁྱེར་དུ་སྤེལ་བའི་ཁོ་རི་ཡ་དང་ཀྲུང་གོའི་རྐང་རྩེད་སྤོ་ལོ་རིག་གནས་འབྲེལ་འདྲིས་འགྲན་བསྡུར་བྱ་འགུལ་དུ་མགོ་ལོག་ཁུལ་གེ་སར་སྤོ་ལོ་རུ་ཁག་གདན་འདྲེན་ཞུས་ཡོད་ཅིང་། ཐེངས་འདིའི་འགྲན་བསྡུར་ནི་མགོ་ལོག་ཁུལ་རྐང་རྩེད་སྤོ་ལོ་ལས་གཞིའི་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་ཆེན་པོ་ཞིག་ཏུ་སྣང་ལ། ཐོག་དང་པོར་ཞིང་ཕྱི་རུ་བསྐྱོད་དེ་ཚད་ལྡན་གྱི་སྤོ་ལོའི་འགྲན་བསྡུར་ལ་ཞུགས་པ་ཡིན། དེ་མིན་མཐུན་ཚོགས་འདིས་ཆེད་དུ་མིང་གྲགས་བོད་ཀྱི་གླུ་བ་ཤེར་བསྟན་གདན་འདྲེན་ཞུས་ཏེ་ལྷན་དུ་འགྲན་བསྡུར་ལ་ཞུགས་ཡོད་པ་རེད།

མགོ་ལོག་གེ་སར་སྤོ་ལོ་རུ་ཁག་ལ་ཀྲུང་ཁོ་སྤོ་ལོ་རིག་གནས་འབྲེལ་འདྲིས་འགྲན་བསྡུར་དུ་ཨང་གཉིས་པ་ཐོབ།
མགོ་ལོག་ཁུལ་གེ་སར་སྤོ་ལོ་རུ་ཁག་གིས་གྲོས་བྱེད་པའི་ཚུལ།

         འགྲན་བསྡུར་དུ་ཁོ་རི་ཡ་སློབ་ཆེན་གྱི་སྤོ་ལོ་རུ་ཁག་དང་།  ཡན་པན་ཚན་རྩལ་སློབ་ཆེན་གྱི་སྤོ་ལོ་རུ་ཁག  མགོ་ལོག་ཁུལ་གེ་སར་སྤོ་ལོ་རུ་ཁག  ཨན་ཏུའུ་ན་གཞོན་སྡེ་ཁག་གི་སྤོ་ལོ་རུ་ཁག   ཡན་པན་ཁུལ་ལུས་རྩལ་སློབ་གྲྭའི་སྤོ་ལོ་རུ་ཁག་བཅས་རུ་ཁག5འདུས་ཤིང་། འགྲན་བསྡུར་ཁྲོད་མགོ་ལོག་ཁུལ་གེ་སར་སྤོ་ལོ་རུ་ཁག་གིས་ཁྱད་དུ་འཕགས་པའི་མི་རིགས་ཀྱི་གྱོན་ཆས་དང་རྐང་རྩེད་སྤོ་ལོའི་ལུས་རྩལ་སྒྱུ་རྩལ། མཐུན་སྒྲིལ་དང་བློ་སྤོབས། འགྲན་ཤུགས་དང་དཔལ་ཡོན་བཅས་ཀྱི་མཐོ་སྒང་ལུས་རྩལ་སྟོབས་ཤུགས་ཀྱིས་ཡན་པན་གྱི་སྡོད་དམངས་དང་ཁོ་རི་ཡའི་གྲོགས་པོ་རྣམས་ལ་ཤུགས་རྐྱེན་ཟབ་མོ་བཞག་པ་དང་། དུས་ཡུན་ཉིན་གསུམ་གྱི་ཛ་དྲག་གི་འགྲན་བསྡུར་བརྒྱུད་མགོ་ལོག་ཁུལ་གེ་སར་སྤོ་ལོ་རུ་ཁག་ལ་བྱ་དགའ་ཨང་གཉིས་པའི་གྲུབ་འབྲས་བཟང་བོ་ཐོབ།

མགོ་ལོག་གེ་སར་སྤོ་ལོ་རུ་ཁག་ལ་ཀྲུང་ཁོ་སྤོ་ལོ་རིག་གནས་འབྲེལ་འདྲིས་འགྲན་བསྡུར་དུ་ཨང་གཉིས་པ་ཐོབ།
ཁོ་རི་ཡ་སློབ་ཆེན་གྱི་སྤོ་ལོ་རུ་ཁག་དང་མགོ་ལོག་ཁུལ་གེ་སར་སྤོ་ལོ་རུ་ཁག

         གེ་སར་སྤོ་ལོ་རུ་ཁག་ནི་མགོ་ལོག་ཁུལ་གེ་སར་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས2006ལོར་དངོས་སུ་བཙུགས་པ་ཞིག་ཡིན་ལ། ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཕུལ་བྱུང་ལུས་རྩལ་པ་ལེགས་འདེམ་བྱས་པ་ཞིག་ཡིན། རུ་ཁག་འདིའི་ཁྲིད་སྟོན་དགེ་རྒན་ནི་ཁོ་རི་ཡ་རྐང་རྩེད་སྤོ་ལོ་མཐུན་ཚོགས་ཀྱི་འོད་གསལ་སྤོ་ལོ་སྤྲོ་རྒྱས་ཁང་གི་འཐུས་མིའམ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཕྱི་རྒྱལ་སློབ་མ་ཧྲིན་ཧོའོ་ཀྲིག་ཡིན། སྤོ་ལོའི་རུ་ཁག་འདི་སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་སྤོ་ལོའི་བུམ་པ་དང་། མཚོ་སྔོན་ཞིང་ཆེན་དམངས་ཡོངས་ལུས་རྩལ་དུས་ཆེན། རྒྱལ་ཡོངས་སྤོ་ལོའི་དགའ་མོས་མཉམ་འགྲན་གྱི་མཚོ་སྔོན་འགྲན་ཁུལ་སོགས་ཀྱི་འགྲན་བསྡུར་དུ་ཞུགས་ཤིང་།  ཞིང་ཆེན་ཡོངས་ཀྱི་འགྲན་བསྡུར་ཨང་གཉིས་པའི་གྲུབ་འབྲས་སོགས་བླངས་མྱོང་།

  • ལེ་ཚན་སྔོན་མ།:ཝུན་ཅ་པའོ་ཡིས་ཐེན་ཅིན་དུ་བྱ་བར་གཟིགས་ཞིབ་གནང་།
  • ལེ་ཚན་རྗེས་མ།:གཡང་ཕྱུག་འཚོས《བར་སྐོར་གྱི་གླ་རྒྱུག་རླངས་འཁོར》ཞེས་པའི་ནང་གཙོ་འཁྲབ་བྱེད་པ།
  • དོ་སྣང་ཆེ་བའི་རྩོམ།