བོང་སྟག་རི་ལུ། མཚོ་སྔོན་པོ་དྲ་བ། 2012-08-30
ཐེམ་ཆེན་རྫོང་གི་བོད་རིགས་སློབ་མ་སྐོར་ཞིག་ཀྲེ་ཅང་དུ་སློབ་གཉེར་ལ་བསྐྱོད་པའི་མཛད་སྒོ་སྤེལ་བ།
ཉེ་ཆར། ཐེམ་ཆེན་རྫོང་གི་དཀྱིལ་སྙིང་ཐང་ཆེན་དུ། ཐེམ་ཆེན་རྫོང་གི་བོད་རིགས་མཐོ་འབྲིང་སློབ་མ་སྐོར་ཞིག་ཀྲེ་ཅང་དགེ་འོས་སློབ་ཆེན་གྱི་ཟུར་གཏོགས་སློབ་འབྲིང་དུ་མཐོ་འབྲིང་སློབ་གསོ་མྱོང་དུ་འགྲོ་བར་སྐྱེལ་མ་ཞུ་བའི་མཛད་སྒོ་བསྡུས། མཛད་སྒོའི་སྟེང་ཐེམ་ཆེན་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན་སོགས་ཞུགས་པར་མ་ཟད། ད་དུང་རྫོང་འབྲེལ་ཡོད་སྡེ་ཁག་གི་མི་སྣ་དང་། སློབ་གྲྭའི་དབུ་ཁྲིད། སློབ་མའི་ཁྱིམ་བདག་དང་སློབ་མ་སོགས་མི་སྣ100ལྷག་སྐྱེལ་མ་ཞུ་བའི་མཛད་སྒོར་ཞུགས།
མཛད་སྒོའི་སྟེང་། རྫོང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན་སོགས་ནས་གཏམ་བཤད་གལ་ཆེན་གནང་བར་མ་ཟད། སྔ་གཞུག་ཏུ་དགེ་རྒན་གྱི་འཐུས་ཚབ་པ་དང་། སློབ་མའི་འཐུས་ཚབ་པ། ཁྱིམ་བདག་གི་འཐུས་ཚབ་པ་སོགས་ཀྱིས་གཏམ་བཤད་སྤེལ་ནས་སློབ་མ་རྣམས་ཀྲེ་ཅང་ཞིང་ཆེན་དུ་ཕྱིན་ནས་མཐོ་འབྲིང་སློབ་གསོ་མྱངས་ཏེ་སློབ་སྦྱོང་ཕྱོགས་ནས་གཡུར་དུ་ཟ་བའི་འབྲས་བུ་བླངས་རྗེས་ཕྱིར་ཕ་ཡུལ་དུ་ལོག་དགོས་པའི་རེ་བ་བཏོན།
དེ་ཡང་རྒྱུས་ལོན་པ་ལྟར་ན། ཀྲེ་ཅང་ཞིན་ཆེན་དང་ཐེམ་ཆེན་རྫོང་གཉིས་ལ་ཕན་ཚུན་ཁ་གཏད་རོགས་སྐྱོར་སྐོར་ནས་རྣམ་གྲངས་ཅུང་མང་ལ། ད་ལོར། ཐེམ་ཆེན་རྫོང་གི་བོད་རིགས་སློབ་མ་ཀྲེ་ཅང་དུ་སློབ་གཉེར་དུ་བསྐྱོད་པ་ནི་སློབ་གསོའི་ཐད་ནས་ཕན་ཚུན་བརྗེ་རེས་དང་རོགས་སྐྱོར་ཐོབ་པའི་རྣམ་གྲངས་ཐོག་མ་ཡིན་ཞིང་། ཐེངས་འདིར་བོད་རིགས་སློབ་མ35ཀྲེ་ཅང་དུ་སློབ་གཉེར་དུ་ཕྱིན་ལ། ཐེམ་ཆེན་རྫོང་གི་བོད་རིགས་མཐོ་འབྲིང་སློབ་མ་འདི་དག་ཀྲེ་ཅང་ཞིང་ཆེན་དུ་མཐོ་འབྲིང་སློབ་གསོ་མྱོང་བར་ཕྱིན་པ་ལ་ཐེམ་ཆེན་རྫོང་སྲིད་གཞུང་གིས་མ་དངུལ་ཡོད་ཚད་བཏོན་ནས་རྒྱབ་སྐྱོར་བྱས་པར་མ་ཟད། ཐེངས་འདིའི་སློབ་མ་དག་གིས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཕྱིར་ཕ་ཡུལ་དུ་ལོག་སྟེ་མ་འོངས་པ་ན་མི་རིགས་དང་རྒྱལ་ཁབ་ལ་ཕན་ཐུབ་པ་ཞིག་བྱེད་རྒྱུ་ནི་ཕ་ཡུལ་ཐེམ་ཆེན་མི་དམངས་ཡོངས་ཀྱི་རེ་བ་ཉག་ཅིག་ཡིན་པ་བསྟན་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10