ཝུན་ཅ་པའོ་ཡིས་གཙོ་འགན་བཞེས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་འཚོགས།

(ཐུབ་བསྟན་གྱིས་བསྒྱུར།)        2012-08-27

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ8པའི་ཚེས22ཉིན་འབྱོར་བའི་གཏམ་གསར།   གོང་ཚེས་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་གཙོ་འགན་བཞེས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་འཚོགས་ཏེ་སྡེ་ཁག་གི་སྲིད་འཛིན་གྱིས་ཞིབ་བཤེར་ཆོག་མཆན་བཀོད་པའི་རྣམ་གྲངས314མེད་པར་བཟོ་བའང་ལེགས་སྒྲིག་བྱེད་པའི་གཏན་འབེབས་བྱས་ཤིང་ཀོང་ཏུང་ཞིང་ཆེན་གྱིས་སྲིད་འཛིན་གྱིས་ཞིབ་བཤེར་ཆོག་མཆན་བཀོད་པའི་ལམ་ལུགས་བཅོས་བསྒྱུར་ཐད་ལ་ལག་ལེན་སྔོན་གཏོང་དང་ཚོད་ལྟ་སྔོན་གཏོང་བྱ་རྒྱུའི་ཆོག་མཆན་གནང་བ་རེད།
    གྲོས་ཚོགས་ཀྱིས་བསྟན་དོན།  2001ལོ་ནས་བཟུང་སྲིད་འཛིན་གྱིས་ཞིབ་བཤེར་ཆོག་མཆན་བཀོད་པའི་ལམ་ལུགས་བཅོས་བསྒྱུར་ལས་དོན་དེ་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་ནས་བཟུང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔ་ཕྱིར་སྲིད་འཛིན་གྱིས་ཞིབ་བཤེར་ཆོག་མཆན་བཀོད་པའི་རྣམ་གྲངས་མེད་པར་བཟོ་བའང་ལེགས་སྒྲིག་ཁག་ལྔ་བྱས་པ་རེད།     སྔར་ལྷག་གིས་སྲིད་འཛིན་གྱིས་ཞིབ་བཤེར་ཆོག་མཆན་བཀོད་པ་ཇེ་ཉུང་དང་ཚད་ལྡན་དུ་གཏོང་ཆེད།  གྲོས་ཚོགས་ཀྱིས་སྔར་ཡོད་ཀྱི་ལས་དོན་རྨང་གཞིའི་ཐོག་ད་དུང་སྡེ་ཁག་གི་སྲིད་འཛིན་གྱིས་ཞིབ་བཤེར་ཆོག་མཆན་བཀོད་པའི་རྣམ་གྲངས314མེད་པར་བཟོ་བའང་ལེགས་སྒྲིག་བྱེད་པའི་གཏན་འབེབས་བྱས་ཤིང་།དེའི་ནང་དུ་རྣམ་གྲངས184མེད་པར་བཟོ་བ་དང་།  འོག་རིམ་ལ་མར་རྣམ་གྲངས13གཏོང་བ།  རྣམ་གྲངས13མཉམ་བསྡོམས་བྱས་པ་རེད།  ད་ལྟའི་བར་དུ་བསླེབས་ཚེ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་བཅུའི་རིང་ལ་ཁག་དྲུག་བགོས་ནས་སྲིད་འཛིན་གྱིས་ཞིབ་བཤེར་ཆོག་མཆན་བཀོད་པའི་རྣམ་གྲངས་ཁྱོན་བསྡོམས་2497མེད་པར་བཟོ་བའང་ལེགས་སྒྲིག་བྱས་ཤིང་མ་གཞིར་ཡོད་པའི་བསྡོམས་འབོར་གྱི་བརྒྱ་ཆ69.3དུ་ཟིན་པ་རེད།ཐེངས་འདིའི་གཙོ་གནད་ནི་མ་འཇོག་ཁྱབ་ཁོངས་དང་།སྤྱི་ཚོགས་བྱ་གཞག   སྲིད་འཛིན་གྱིས་ཞིབ་བཤེར་ཆོག་མཆན་བཀོད་མི་དགོས་པའི་རྣམ་གྲངས།  ལྷག་པར་དུ་དངོས་གཟུགས་དཔལ་འབྱོར་དང་ཁེ་ལས་ཆུང་བའི་འཕེལ་རྒྱས།  དམངས་ཁྲོད་མ་འཇོག་སོགས་སྐོར་གྱི་ཞིབ་བཤེར་ཆོག་མཆན་རྣམ་གྲངས་ལ་གཙང་སེལ་བྱས་པ་རེད། 
   གྲོས་ཚོགས་ཀྱིས་བསྟན་དོན།   འབྱུང་འགྱུར་གྱི་དུས་རིམ་ནང་དུ་སྲ་བརྟན་འགྱུར་མེད་ཀྱིས་སྲིད་འཛིན་གྱིས་ཞིབ་བཤེར་ཆོག་མཆན་བཀོད་པའི་ལམ་ལུགས་ལ་བཅོས་བསྒྱུར་གཏིང་ཟབ་གཏོང་དགོས།  གཅིག་ནི་འཕྲི་དགོས་ན་ངེས་པར་འཕྲི་དགོས་པ་དང་གཏོང་དགོས་ན་ངེས་པར་གཏོང་དགོས་པའི་རྩ་དོན་བཟུང་ནས་སྔར་ལྷག་གིས་སྲིད་འཛིན་གྱིས་ཞིབ་བཤེར་ཆོག་མཆན་བཀོད་པའི་རྣམ་གྲངས་མེད་པར་བཟོ་བའང་ལེགས་སྒྲིག་བྱེད་དགོས།གཉིས་ནི་སྲིད་འཛིན་གྱིས་ཞིབ་བཤེར་ཆོག་མཆན་བཀོད་པ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་གཏོང་དགོས།གསུམ་ནི་དོན་ལས་སྡེ་ཁག་དང་སྤྱི་ཚོགས་རྩ་འཛུགས་དོ་དམ་བཅས་བཅོས་བསྒྱུར་བྱེད་ཚད་མགྱོགས་སུ་གཏོང་དགོས།བཞི་ནི་སྔར་ལྷག་གིས་སྲིད་འཛིན་གྱིས་ཞིབ་བཤེར་ཆོག་མཆན་བཀོད་པའི་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་དགོས།  ལྔ་ནི་སྲིད་གཞུང་གི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།དྲུག་ནི་སྲིད་འཛིན་གྱིས་ཞིབ་བཤེར་ཆོག་མཆན་བཀོད་པའི་ཁྱབ་ཁོངས་ཁྲོད་ཀྱི་རུལ་སུངས་ལ་སྔོན་འགོག་བྱེད་པའི་ལས་ཀ་གཏིང་ཟབ་ངང་སྐུལ་སྤེལ་གཏོང་དགོས།བདུན་ནི་སྲིད་འཛིན་གྱིས་ཞིབ་བཤེར་ཆོག་མཆན་བཀོད་པའི་ལམ་ལུགས་བཅོས་བསྒྱུར་དང་མ་འཇོག་ལམ་སྲོལ།  ནོར་ཁྲལ་དངུལ་རྩའི་ལམ་སྲོལ།  སྤྱི་ཚོགས་ལམ་སྲོལ།  སྲིད་འཛིན་དོ་དམ་ལམ་སྲོལ་བཅས་ཀྱི་བཅོས་བསྒྱུར་དང་ཟུང་དུ་འབྲེལ་དགོས།
  • ལེ་ཚན་སྔོན་མ།:པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་པེ་ཅིང་དུ་ཕྱིར་ལོག་ཕེབས་པ།
  • ལེ་ཚན་རྗེས་མ།:ཝུན་ཅ་པའོ་ཡིས་ཨེ་ཅིབ་ཀྱི་ཙུང་ཐུང་ལ་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།