རྒྱལ་རོང་རིག་གནས་ཞིབ་འཇུག་དང་གྲོས་སྡུར་གྲོས་ཚོགས་སྐབས་དང་པོ་བསྡུས་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2012-08-27

རྒྱལ་རོང་རིག་གནས་ཞིབ་འཇུག་དང་གྲོས་སྡུར་གྲོས་ཚོགས་སྐབས་དང་པོ་བསྡུས་པ།
གྲོས་ཚོགས་བསྡུ་བཞིན་པའི་ཡུལ་དངོས།

              ཟླ8པའི་ཚེས23ཉིན། རྒྱལ་རོང་རིག་གནས་ཞིབ་འཇུག་དང་གྲོས་སྡུར་གྲོས་ཚོགས་སྐབས་དང་པོ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནས་བསྡུས་ཤིང་། གྲོས་ཚོགས་སྟེང་སི་ཁྲོན་དང་རྒྱལ་ཡོངས་ནས་ཡོང་བའི་བོད་རིག་པའི་ཆེད་མཁས་པ་དང་རིག་གནས་པ་རྣམས་ཀྱིས་སྐོར་བྲོ་དང་། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་ཆོ་ག་སོགས་རྒྱལ་རོང་གི་བོད་ཀྱི་རིག་གནས་ལ་གྲོས་མོལ་མཛད་པ་རེད། 
              གྲོས་ཚོགས་ཀྱི་དམིགས་ཡུལ་ནི་གྲོས་མོལ་བྱས་པར་བརྒྱུད་ནས་རྒྱལ་རོང་རིག་གནས་ཀྱི་ཉིང་བཅུད་སྔོག་འདོན་དང་དར་སྤེལ་དུ་བཏང་སྟེ་རྒྱལ་རོང་རིག་གནས་ཀྱི་ཁྱབ་རྒྱ་ཇེ་ཡངས་དང་ཆུ་ཚད་མཐོ་རུ་འདེགས་པ་དང་མཉམ་དུ། ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན། རིག་གནས་གནས་སྐོར་འདོན་སྤེལ་ཁྲོད་རྒྱལ་རོང་རིག་གནས་ཀྱི་སྐུལ་འདེད་ནུས་པ་འདོན་པ་ཡིན།
               གྲོས་ཚོགས་སྟེང་ཆེད་མཁས་པ་རྣམས་ཀྱི་དགོངས་འཆར་གང་ལེགས་བཏོན་པ་སྟེ། བྲག་རོང་རྫོང་གིས་མ་འོངས་པར་རྒྱལ་རོང་རིག་གནས་གཏིང་ཇེ་ཟབ་དང་ཁྱབ་རྒྱ་ཇེ་ཆེར་གཏོང་དགོས་ཤིང་། སྐད་བརྡ་དང་རྩོམ་རིག་ལ་བརྟེན་ནས་རིག་གནས་ཀྱི་སྲོག་རྩ་མི་རབས་ནས་མི་རབས་སུ་བརྒྱུད་དེ་མི་རབས་རྗེས་མ་རྣམས་ལ་རྒྱལ་རོང་རིག་གནས་ཀྱི་སྐད་དང་ཡི་གེ་སློབ་དུ་བཅུག་སྟེ་རྒྱལ་རོང་རིག་གནས་དར་སྤེལ་དུ་གཏོང་དགོས་ཚུལ་བསྟན་པ་རེད། 
              ཐེངས་འདིའི་གྲོས་ཚོགས་ཉིན་གཉིས་ལ་སྤེལ་རྒྱུ་ཡིན་ཅིང་། ཀྲུང་དབྱང་མི་རིགས་སློབ་ཆེན་དང་། ལྷོ་ནུབ་མི་རིགས་སློབ་ཆེན། སི་ཁྲོན་སློབ་ཆེན་སོགས་ནས་ཡོང་བའི་བོད་རིག་པའི་ཆེད་མཁས་པ་དང་རིག་གནས་པ་རྣམས་ལྷན་དུ་འཛོམས་ཏེ་རྒྱལ་རོང་རིག་གནས་ཀྱི་འབྱུང་རྩ་དང་། རྒྱལ་རོང་རིག་གནས་ཇི་ལྟར་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པའི་ཚུལ་ལ་རྩད་སྡུར་རྒྱ་ཆེན་པོ་གནང་བ་རེད།

 

  • ལེ་ཚན་སྔོན་མ།:ཝུན་ཅ་པའོ་ཡིས་ཀོང་ཏུང་དུ་བྱ་བར་རྟོག་ཞིབ་མཛད།
  • ལེ་ཚན་རྗེས་མ།:བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་རྣོ་སྦྲེང་གི་བརྙན་ཕྲན《གྱེས་བྲལ》དཀར་མཛེས་ཉག་ཆུ་རྫོང་དུ་ཕབ་མགོ་བརྩམས།
  • དོ་སྣང་ཆེ་བའི་རྩོམ།