ཝུན་ཅ་པའོ་ཡིས་ཀོང་ཏུང་དུ་བྱ་བར་རྟོག་ཞིབ་མཛད།

རྡོ་ཐར།    ཀྲུང་དབྱང་བརྙན་འཕྲིན་དྲ་བ།    2012-08-27

ཟླ་བརྒྱད་པའི་ཚེས་ཉེར་བཞི་ཉིན་ནས་ཚེས་ཉེར་ལྔ་ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཀོང་ཏུང་ཞིང་ཆེན་གྱི་ཀོང་ཀྲིག་དང་ཧྥོ་ཧྲན།  ཏུང་ཀོན་སོགས་སུ་ཕེབས་ནས་དེང་སྐབས་ཀྱི་དཔལ་འབྱོར་གྱི་འཕེལ་སྟངས་དང་།  ནང་སྒོས་སུ་ཕྱི་ཕྱོགས་དགོས་མཁོ་བརྟན་འཇགས་སུ་གཏོང་བ་དང་དང་ཕྱི་ཕྱོགས་ཉོ་ཚོང་གི་རྣམ་པ་བསྒྱུར་བ་དང་རིམ་པ་འཕར་བའི་བྱ་བར་རྟོག་ཞིབ་མཛད།ད་ལོའི་ཚུན་ལ་རང་རྒྱལ་གྱི་དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ཆེ་བ་དང་།  རྒྱལ་སྤྱིའི་ཚོང་རའི་རྐྱེན་གྱིས་ཕྱིར་གཏོང་འབྱོར་ཚོང་གི་འཕར་ཚད་ཀྱང་ཇེ་དལ་དུ་སོང་ཡོད།  ལྷག་པར་དུ་ཟླ་བདུན་པའི་ནང་དུ་མཚོ་རྒྱུད་ཀྱི་ཞིང་ཆེན་དང་མཁར་གྲོང་གཙོ་བོའི་ཕྱིར་གཏོང་གི་འཕར་ཚད་མངོན་གསལ་སྒོས་ཇེ་དལ་དུ་གྱུར།  ཝུན་ཅ་པའོ་ཁེ་ལས་མང་པོ་ཞིག་ཏུ་ཕེབས་ནས་གནས་ཚུལ་རྒྱུས་ལོན་བྱས་པ་མ་ཟད།  ཁེ་ལས་འགན་ཁུར་བའི་བཞུགས་མོལ་ཚོགས་འདུ་བསྡུས།ཝུན་ཅ་པའོ་ཡིས་གསུངས་རྒྱུར།  ཕྱིར་གཏོང་ཚོང་ཟོག་གི་མངག་ཐོ་གསར་བའི་གྲངས་ཀ་སོགས་ལ་གཞིགས་ན།  དུས་སྐབས་རྗེས་མའི་ཕྱིར་གཏོང་ལ་ད་དུང་དཀའ་ཁག་མི་ཉུང་བ་ཞིག་ཡོད་པས་དེར་དོ་སྣང་བྱ་དགོས།  དུས་ཚིགས་གསུམ་པ་ནི་ལོ་ཧྲིལ་བོའི་ཕྱིར་གཏོང་འཕར་ཚད་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་སྟབས།  དམིགས་བསལ་སྒོས་བྱེད་ཐབས་སྤྱད་དེ་ཕྱིར་གཏོང་བརྟན་འཇགས་ངང་གོང་དུ་འཕེལ་བར་སྐུལ་འདེད་བྱེད་དགོས།  གཅིག་ནས་ཕྱིར་གཏོང་གི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་དང་འཐུས་ཚང་དུ་གཏོང་དགོས།  ཕྱིར་གཏོང་གི་དཔྱ་ཁྲལ་ཕྱིར་སྤྲོད་ཚད་ཇེ་མགྱོགས་སུ་བཏང་ནས་དཔྱ་ཁྲལ་ཕྱིར་སྤྲོད་པར་ཁག་ཐེག་བྱེད་དགོས།  ཕྱིར་གཏོང་གི་ཡིད་རྟོན་འགན་སྲུང་གི་རྣམ་པ་རྒྱ་བསྐྱེད་དེ་ཕྱིར་གཏོང་ཡིད་རྟོན་འགན་སྲུང་གི་ཁྱབ་རྒྱ་ཇེ་མཐོར་གཏོང་བ་དང་།  ནང་སྒོས་སུ་ཁེ་ལས་འབྲིང་ཆུང་གི་ཡིད་རྟོན་འགན་སྲུང་གི་འཕེལ་རྒྱས་ལ་དོ་སྣང་བྱས་ཏེ། ཚོང་ལས་འགན་སྲུང་ཀུང་ཟི་ཡིས་དུས་ཡུན་ཐུང་ངུའི་ནང་ལས་དོན་ཚོད་ལྟ་བྱེད་པར་སྣེ་འཁྲིད་བྱས་ཏེ།  སྒྲིག་གཞི་ཅན་གྱི་སྒྲིག་ཆས་ཆེ་ཤོས་ཕྱིར་གཏོང་མ་དངུལ་བསྡུ་པའི་འགན་སྲུང་ཆེད་དོན་གྱི་བཀོད་སྒྲིག་ལག་བསྟར་བྱ་དགོས།  སྒོ་ཁྲལ་ལས་ཁུངས་དང་སྤུས་ཚད་ཞིབ་བཤེར་ལས་ཁུངས།  མ་དངུལ་ཕྱིར་གཏོང་དོ་དམ་བཅས་ཀྱི་ཞབས་ཞུ་འཐུས་ཚང་དུ་བཏང་ནས།  འབྱོར་ཚོང་སྟབས་བདེ་ཅན་དུ་གཏོང་བར་སྐུལ་འདེད་བྱ་དགོས། གཉིས་ནས་ཕྱི་ཕྱོགས་ཉོ་ཚོང་གི་འཕེལ་སྟངས་གང་མགྱོགས་སྒོས་བསྒྱུར་དགོས།  ཕྱི་ཕྱོགས་ཉོ་ཚོང་གི་ཁེ་ལས་ཀྱིས་སྔར་ལས་མང་བའི་རང་བདག་གསར་བསྐྲུན་གྱི་ཐོན་རྫས་དང་རང་བདག་གིས་ཚོང་རྟགས་གྲགས་ཅན་གསོ་སྤེལ་བྱེད་པར་སྐུལ་འདེད་བྱས་ཏེ།  ཁེ་ལས་ཀྱིས་རྒྱལ་སྤྱིའི་ཚོང་གཉེར་དྲ་བ་འཛུགས་པར་སྐུལ་འདེད་བྱ་དགོས།  གསུམ་ནས་ཧུར་ཐག་སྒོས་ནང་འདྲེན་བྱེད་པའི་རྒྱ་བསྐྱེད་དེ་གཙོ་བོ་སྔོན་ཐོན་གྱི་ལག་རྩལ་སྒྲིག་ཆས་དང་ལྷུ་ལག་གཙོ་བོ།  དེ་མིན་མི་དམངས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བའི་འཚོ་བའི་མཁོ་རྫས་དག་ནང་འདྲེན་བྱེད་པར་ཁ་སྣོན་བྱ་དགོས།  བཞི་ནས་འབྱོར་ཚོང་ཐད་ཀྱི་འགལ་བ་ལེགས་པར་ཐག་བཅད་ནས་འབྱོར་ཚོང་གི་འགལ་བ་ལས་བྱུང་བའི་ཉེན་ཁ་དང་ཤུགས་རྐྱེན་ཇེ་ཉུང་དུ་གཏོང་དགོས།  ལྔ་ནས་ནུས་ཤུགས་སྤྱད་དེ་ཕྱི་རྒྱལ་གྱི་མ་དངུལ་བཀོལ་སྤྱོད་བྱེད་པའི་ཆུ་ཚད་མཐོར་འདེགས་སུ་བཏང་ནས།  དངུལ་གཏོང་གི་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས་ཟེར།

  • ལེ་ཚན་སྔོན་མ།:གུ་གེའི་རྒྱལ་རབས་གནས་ཤུལ་གྱི་བྲག་ཕུག་ཏུ་བོད་གནའ་བོའི་ལོ་རྒྱུས་ཀྱི་ཡིག་ཆ་རྩ་ཆེན་ཞིག་རྙེད་པ།
  • ལེ་ཚན་རྗེས་མ།:རྒྱལ་རོང་རིག་གནས་ཞིབ་འཇུག་དང་གྲོས་སྡུར་གྲོས་ཚོགས་སྐབས་དང་པོ་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།