རྩེ་ཁོག་རྫོང་དུ་མཚོ་སྔོན་ཞིང་ཆེན《གེ་སར་སྒྲུང》ཞིབ་འཇུག་རྟེན་གཞི་བཙུགས་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2012-08-23

རྩེ་ཁོག་རྫོང་དུ་མཚོ་སྔོན་ཞིང་ཆེན《གེ་སར་སྒྲུང》ཞིབ་འཇུག་རྟེན་གཞི་བཙུགས་པ།
རྩེ་ཁོག་རྫོང《གེ་སར་སྒྲུང》ཞིབ་འཇུག་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་སྡུད་བཞིན་པ།
 
རྩེ་ཁོག་རྫོང་དུ་མཚོ་སྔོན་ཞིང་ཆེན《གེ་སར་སྒྲུང》ཞིབ་འཇུག་རྟེན་གཞི་བཙུགས་པ།
《གེ་སར་སྒྲུང》ཞིབ་འཇུག་རྟེན་གཞིའི་སྒོ་བྱང་སྟེང་གི་ཡོལ་རས་འབྱེད་བཞིན་པ།

  ཉེ་སྔོན། མཚོ་སྔོན་ཞིང་ཆེན《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་མཚོ་སྔོན《གེ་སར》ཞིབ་འཇུག་ཁང་གཉིས་ཀྱིས་མཉམ་འབྲེལ་བྱས་ནས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དུ་མཚོ་སྔོན་ཞིང་ཆེན《གེ་སར་སྒྲུང》ཞིབ་འཇུག་རྟེན་ཞིག་བཙུགས་པ་དང་མཉམ་དུ། སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས་ཤིང་། འབྲེལ་ཡོད་ཀྱི་འགོ་ཁྲིད་དང་ཆེད་མཁས་པ་རྣམས་མཛད་སྒོའི་སྟེང་ཞུགས་པ་རེད།
  མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཞའོ་ཡཱན་གྱིས་གེ་སར་རིག་གནས་ཀྱི་རྫོངས་སྟུག་པོའི་ཡུལ་དུ་ཞིབ་འཇུག་རྟེན་གཞི་བཙུགས་པ་ནི《གེ་སར》གནས་ཤུལ་དང་། རྟེན་རྫས། གླིང་སྒྲུང་སོགས་རིན་ཐང་གཞལ་ཡས་པའི་གཟུགས་འདས་ཤུལ་བཞག་རིག་གནས་མྱུར་སྐྱོབ་དང་སྲུང་སྐྱོབ་བྱེད་པར་དམིགས་པ་ཡིན་ཅིང་། 《གེ་སར་སྒྲུང》འཚོལ་བསྡུ་དང་། ལེགས་སྒྲིག  འགྲེམ་སྤེལ་བྱེད་པར་དོན་སྙིང་ཆེན་པོ་ལྡན་ཞེས་གསུངས་པ་རེད།
  སྒོ་བྱང་འགེལ་བའི་མཛད་སྒོ་མཇུག་རྫོགས་རྗེས་མཚོ་སྔོན་ཞིང་ཆེན《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པའམ་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཞའོ་ཡཱན་དང་། མཚོ་སྔོན་ཞིང་ཆེན《གེ་སར》ཞིབ་འཇུག་ཁང་གི་འགོ་གཙོ་གཞོན་པ་དབང་གྲགས། དེ་མིན་གེ་སར་ཞིབ་འཇུག་བྱེད་མཁན་སྙིང་བོ་ཚེ་རིང་དང་དབང་མོ་མཚོ་སོགས་ཀྱིས་རྩེ་ཁོག་རྫོང་དང་ཧོར་ཡུལ་ཚོ་རུ་གེ་སར་རིག་གནས་གནས་ཤུལ་དང་། སྒྲུང་བཤད། སྒྲུང་འཁྲབ་སོགས་ལ་ཉམས་ཞིབ་བྱས་པ་དང་ཆབས་ཅིག  ཡིག་རིས་རྒྱུ་ཆ་རྩ་ཆེན་དག་འཚོལ་བསྡུ་བྱས་པ་རེད།

 

  • ལེ་ཚན་སྔོན་མ།:སྐབས་དང་པོའི་ཀྲུང་གོའི་བོད་ཁུལ་རོལ་དབྱངས་ཀྱི་མཐོ་རིམ་གླེང་སྟེགས་ལྷ་ས་ནས་ཚོགས་པ།
  • ལེ་ཚན་རྗེས་མ།:པདྨ་ཚེ་བརྟན་ལགས་ཀྱི་སྒྲུང་ཚོགས《གྲོང་ཁྱེར་གྱི་འཚོ་བ》ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།